574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེཻ་རྡོར་མཚོན་ཆ་ཅན་ལྷ་བཅུ་བདུན་མ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། བཤད་རྒྱུད་སམ་བྷུ་ཊིའི་བརྟག་པ་གསུམ་པའི་རབ་བྱེད་དགུ་པ་ལས་གསུངས་པའི་ཀྱེཻ་རྡོར་རྣམ་འགྱུར་མི་འདྲ་བ་ཞིག་སྟེ། ཕྱག་བཅུ་དྲུག་ལ་མཚོན་ཆ་མི་འདྲ་བ་བཅུ་དྲུག་བསྣམས་ཡོད་པས་མཚོན་ཆ་ཅན་ཞེས་ཟེར། འདི་ལ་རིགས་མི་འདྲ་བ་བཞི་སྟེ། སྙིང་པོ་ཀྱེཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཐུགས་ཀྱེཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། གསུང་ཀྱེཻ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ། སྐུ་ཀྱེཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་བཅས་ཡོད། དེ་རྣམས་ཀྱི་སྤྱི་བཀའི་དབང་ནི་རྡོ་རྗེ་ཕྲེང་བའི་དབང་བཅུ་བཞི་པ་ནས་བཅུ་བདུན་པའི་བར་ཡོད་ཅིང་། འདི་ལ་ཟུར་བཀའི་དབང་ལོགས་སུ་མེད་པ་འདྲ་སྙམ།
Domain ཆོས་ལུགས།