57405
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བླ་མ་དྲག་པོ་ལས། སྐུ་གསུང་ཐུགས་ཀྱི་ཙཀྲ་དང་གུད་དུ་སྦས་པའི་ཙཀྲ་ལས་ཚོགས་བཅོ་ལྔ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། སྔོན་ཆད་འཛམ་གླིང་མ་གྲགས་པའི༔ པདྨ་བདག་གི་སྙིང་ལྟ་བུ༔ བསྟན་ཕངས་རྒྱ་ནི་བཅུས་བཏབ་ནས༔ མ་འོངས་དོན་དུ་སྦས་ནས་བཞག༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ་མི་རྣམས་ལོག་སྤྱོད་སྣ་ཚོགས་བྱེད་ཅིང་། ལྷ་སྲིན་སྡེ་བརྒྱད་ཀོ་ལོང་ཤིན་ཏུ་དམ་པ་དང། རྣལ་འབྱོར་པ་བསམ་མེད་རྣམས་རང་ལུས་ཚགས་སུ་མ་ཚུད་པར་ནག་པོའི་ལས་སྦྱོར་སྣ་ཚོགས་བྱས་པའི་རྐྱེན་གྱིས་རང་སྲོག་རང་གིས་གཅོད་པའི་དུས་འབྱུང་བས། དེ་དག་ཞི་བའི་ཆེད་དུ་སྐུ་གསུང་ཐུགས་ཀྱི་ཙཀྲ་བསྒྲུབ་ཚུལ་དང་། དེ་རེ་རེ་ལའང་ཁ་བསྒྱུར་ལྔ་ལྔ་བཅས་ལས་ཚོགས་བཅོ་ལྔའི་སྐོར་བསྟན། |