57463
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་བ། ལོ་ཕྲན་རེས་མོས་སྐྱེ་བ་སྒྲོ་དབྱིབས་ཡིན་པ་དང༌། མེ་ཏོག་དཀར་པོ་འདབ་མ་ལྔ་ཅན་མང་དུ་འཆར་ཞིང༌། འབྲས་བུ་ལྗང་གུ་ཁ་སྦྱར་འཇམ་ལ་འོད་དང་ལྡན་པ། སྨིན་རྗེས་ཁ་གསུམ་དུ་གས་པ། ནང་དུ་ས་བོན་ཟླུམ་རིལ་ཁ་དོག་ནག་པོ་ཅན་ཡོད་པ། སྡོང་པོ་ཤིན་ཏུ་སྲ་ལ་མཁྲེགས་ཤིང་ལྕི་བ། ཁ་དོག་ཁམ་སྨུག་གཤགས་ཁ་ཤ་སྣལ་འདྲ་བ་དང༌། བཅད་ཁར་ཤིན་ཏུ་ཞིབ་པའི་ཁུང་སོབ་ཡོད་པས་ཡུན་ལོན་དུས་ཁ་དོག་སྨུག་པོ་འོད་ཅན་དུ་འགྱུར་བ། རྒྱ་ནག་ཏུ་རིན་ཐང་ཆེ་བའི་ཁྱིམ་ཆས་དང༌། ཡོ་བྱད་སོགས་འཆོས་པ་དང༌། འདི་ལས་འཆོས་པའི་རྔ་དང༌། ཌཱ་མ་རུ་སོགས་ཁ་དོག་སྨུག་པོ་ཡིན་པས་རྒྱུན་དུ་སེང་སྨུག་ཅེས་བྱ་བ་ཡིན་ཏེ། རྒྱ་གར་དང༌། རྒྱ་ནག་གི་སྐམ་ཤས་ཆེ་བའི་ས་ཁུལ་དང༌། བོད་ཀྱི་སྤོ་ཡུལ་དང༌། མེ་ཏོག་རྫོང༌། མོན་ཡུལ་སོགས་སུ་སྐྱེ་བ་མང་བ་དང༌། སྡོང་པོ་སྟོན་དཔྱིད་གཉིས་གང་རུང་ལ་བཏུས་ཏེ་ཕྱི་པགས་དོར་ཏེ་ནང་གི་ཤིང་དམར་སྨུག་དེ་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཁྲག་དང་ཆུ་སེར་སྐེམ་ཞིང་མཛེ་ལ་ཕན། ཁྱད་པར་ཁྲག་གཟེར་འཇོམས་ཤིང་བྱང་ཁོག་དང༌། ཡན་ལག་ལྷུ་ཚིགས་ལ་བསགས་པའི་ཆུ་སེར་སོགས་ལ་ཕན་པ་ཡིན། |