57466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙན་དན་སྨན་ (1)
Part of speech མིང་ཚིག
Definition ཤིང་བྱེ་བྲག་པ་སྟེ། དྲི་བཟང་ཅན་སྨན་སྤོས་སོགས་བྱེད་ཆོག་པ། རིགས་ལ་ཡང་དཀར་པོ་དང། དམར་པོ་ཡོད་དོ། །
ཙན་དན་སྨན་ (2)
Part of speech མིང་ཚིག
Definition ཆོ་ག་ལ་མཁོ་བའི་རྫས་ཞིག་ཡིན། དབང་པོའི་སྒོ་བསལ་གྱི་རྫས་ཞིག་ཏེ། མདོ་གཟེར་མིག་ལས། ཙན་དན་སྨན་རྣམས་འདིས། སྐུ་ཡི་དབང་པོ་དབྱེ་ཡིན་བསལ་ལྟ་མི་འཚལ་ཏེ། སེམས་ཅན་མ་རིག་ལས་ཀྱི་འཁོར་བ་ཡི། གདོས་པའི་ལུས་བསལ་ཕྱིར་ཕྱེ་བས། ཞེས་སོ། །ཕན་ཡོན་ནི། སེམས་ཅན་གྱི་ལུས་ཤེས་ལ་མངོན་ཤེས་སྐྱེ་ཐབས་སུ་རྫས་འདི་མཁོ་སྤྱོད་བྱེད་པ་སྟེ། དེ་ཉིད་ལས། སེམས་ཅན་རྣམས་ཀྱི་ལུས་ལ་ཡང་། རེག་བྱའི་མངོན་པར་ཤེས་པ་གསལ། ཞེས་སོ། །བཟོ་དབྱིབས་ནི། ཡུ་བ་གསེར་དངུལ་ཟངས་སོགས་ཆ་ལེགས་པ་བཟོ་ཞིང་། དེ་ལ་ཙན་དན་གྱི་སྨན་ནི་མིག་ལ་མཛེས་པ་ཞིག་བཟོ་ཡོད། ད་ལྟའི་བར་དུ་མཁོ་སྤྱོད་རྒྱུན་ཡང་ལྡན་ཡོད།