57492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙནྡྲའི་གླིང་ (1)
Part of speech མིང་ཚིག
Definition སློབ་དཔོན་འདིས་ཤར་ཕྱོགས་སུ་རྒྱལ་པོ་བྷ་ཥའི་ཡུལ་དུ་སྨན་དཔྱད་དང་། སྡེབ་སྦྱོར། བཟོའི་གནས་ཀྱི་བསྟན་བཅོས་མང་དུ་བྱས། ཁྱད་པར་དུ་སྒྲ་རིག་པ་མང་དུ་བཤད་ཅིང་ཡོད། དེའི་ཚེ་རྒྱལ་པོའི་བུ་མོ་ཏཱ་ར་ཞེས་བྱ་བ་བག་མར་བླངས་ཤིང་རྒྱལ་པོས་ཡུལ་འཁོར་ཞིག་ཀྱང་བྱིན། དུས་ལན་ཅིག་དེའི་གཡོག་མོས་ཏཱ་ར་འབོད་ཀྱིན་འདུག་པས། ཡི་དམ་དང་མཚན་མཐུན་པ་ཁྱིམ་ཐབ་ཏུ་མི་རུང་ངོ་སྙམ་ནས། སློབ་དཔོན་ཉིད་ཡུལ་གཞན་དུ་འགྲོ་བར་བརྩམས་པ་རྒྱལ་པོས་ཤེས་ཏེ། དེ་ངའི་བུ་མོ་དང་ལྷན་ཅིག་མི་འདུག་ན་སྒྲོམ་དུ་ཆུག་ལ་གངྒཱ་ལ་སྐྱུར་ཅིག་ཅེས་བསྒོས་ཏེ་དེ་བཞིན་དུ་བྱས་པ་ན། སློབ་དཔོན་གྱིས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་བཏབ་པས། གངྒཱ་དང་རྒྱ་མཚོ་འཕྲད་མཚམས་ཀྱི་རྒྱ་མཚོའི་གླིང་ཞིག་ལ་ཐོན། གླིང་ངེ་འཕགས་མས་སྤྲུལ་པ་ཡིན་ཡང་ཟེར་ཏེ། ཙནྡྲ་དཱེ་བ་ཞེས་བྱ་བ། ཙནྡྲ་གཽ་མི་ཉིད་དེར་བཞུགས་པ་ལས་མིང་ཆགས། ད་ལྟར་ཡང་ཡོད་དེ་གྲོང་བདུན་སྟོང་ཙམ་ཤོང་བ་ཞིག་འདུག་ཟེར། གླིང་དེར་སློབ་དཔོན་བཞུགས་ཏེ། འཕགས་པ་སྤྱན་རས་གཟིགས་དང་སྒྲོལ་མའི་སྐུ་རྡོ་ལ་བཞེངས། ཐོག་མར་ཉ་པ་རྣམས་ཀྱིས་གཏམ་དེ་ཐོས། དེ་ནས་རིམ་གྱིས་སྐྱེས་བོ་གཞན་ཡང་བྱུང་སྟེ་གྲོང་ཁྱེར་ཆགས། འཕགས་པ་སྤྱན་རས་གཟིགས་ཀྱིས་བསྐུལ་བ་ལས་གོ་མིའི་དགེ་བསྙེན་མཛད། མཚན་ནི་ཙནྡྲ་ཡིན་ལ། དེ་ཕྱིན་ཆད་ཙནྡྲ་གཽ་མིར་གྲགས་ཞེས་རྒྱ་གར་ཆོས་འབྱུང་ལས་གསུངས་སོ། །
Foreign རྒྱ་གར།