575
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེའི་སློབ་མ་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེས་མཛད་པའི་སྒྲུབ་ཐབས་ལ་གྲུབ་ཆེན་ཛ་ལན་རྡ་རི་པས་འགྲེལ་པ་མཛད་པའི་ལུགས་དེ་ལ་ཟེར་ཏེ། མིང་གཞན་མཚོ་སྐྱེས་ལུགས་ཀྱང་ཟེར། འདི་ལ་ལྷ་གཙོ་འཁོར་དགུ་ཡོད་ཅིང་། འདིའི་ཟུར་བཀའི་དབང་སྐོར་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱིས་ཕྱོགས་བསྒྲིགས་མཛད་པའི་དཀྱིལ་ཆོག་ནོར་བུའི་ཕྲེང་བ་པོད་བཞི་པ་དང་། ས་སྐྱ་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བའི་སྒྲུབ་དཀྱིལ་ཀུན་བཏུས་པོད་ཚ་པའི་ནང་དུ་ཡོད་ལགས། |
| Domain | ཆོས་ལུགས། |