From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཙཱ་རི་ཏྲ་ (1)
| Part of speech
|
མིང་ཚིག
|
| Definition
|
ལྷོ་གནས་དཔལ་གྱི་ཙཱ་རི་ཏྲ་ནི་འདི་ཉིད་བདེ་མཆོག་རྩ་བའི་རྒྱུད་ཆེན་པོ་ནས་རིག་པ་རྒྱ་མཚོར་གསུངས་པའི་དུས་དེའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང་ཚན་དེ་ཉིད་དུ་འདོད་ཅིང་། དཔལ་འཁོར་ལོ་སྡོམ་པའི་གནས། བདེ་མཆོག་ལས་ཉེར་བཞི་དང་། དུས་འཁོར་འགྲེལ་ཆེན་ལས་ཞེ་བརྒྱད། དགྱེས་རྡོར་སོ་བདུན་དུ་གསུངས་ཤིང་། མདོར་ན་བདེ་མཆོག་ཏུ་ཉེར་བཞི་བགྲངས་པའི་ཡ་གྱལ་གནས་མཆོག་འདི་ཉིད་ལ་འདོད། གཞན་ཡང་རྒྱུད་སྡེ་སོ་སོ་ནས་གསལ་བར་ངོས་འཛིན་ཡོད་པས་འདིར་མི་སྤྲོ། གནས་ཆེན་འདི་ཉིད་གཟིགས་སྣང་དུ་སྒོ་ཕྱེ་ཚུལ་ཡང་། བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་པདྨ་དང་། བི་མ་ལ་མུ་ཏྲ། ཤར་ཕྱོགས་ལ་ཝ་པ་སོགས་དངོས་སུ་བྱོན་ཅིང་གཟིགས་སྣང་ཐམས་ཅད་གཏན་ལ་ཕབ། ཕྱི་དར་སྐབས་རྒྱལ་བའི་ལུང་ཟིན་དྭགས་པོ་ལྷ་རྗེའི་སྤྲུལ་པའི་ཟློས་གར་འགྲོ་མགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཉིད། ཇོ་མོ་ཁ་རག་ཏུ་སྒྲུབ་པ་ལ་བཞུགས་པའི་ཚེ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དངོས་སུ་དང་། གྲུབ་ཆེན་གླིང་རས་འཇའ་ཚོན་འོད་གུར་དུ་དངོས་སུ་བཞུགས་བཞིན་བྱོན་ནས་གནས་སྒོ་འབྱེད་པའི་དུས་ལ་བབ་པས་སོང་ཞེས་ལུང་བསྟན་པ་བཞིན། དམ་པ་འདི་ཉིད་ཀྱིས་བཀའ་དྲིན་བསྐྱངས་པས་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་ཐོབ། གཞན་ཡང་སྐྱོབ་པ་འཇིག་རྟེན་མགོོན་པོའི་དངོས་སློབ་གཉོས་གར་ཆོས་གསུམ། དཔལ་རྒྱལ་བའི་དབང་པོ་རོལ་པའི་རྡོ་རྗེ་སོགས་ཀྱིས་ཀྱང་གཞལ་མེད་ཀྱིས་བཀའ་དྲིན་གྱི་འོས་སུ་སྣང་། ཡོངས་གྲགས་སུ་ཚེ་ཡི་རིག་འཛིན་སོགས་ཐོབ་པར་ནུས་པའི་རྩྭ་ཀླུ་བདུད་རྡོ་རྗེ་དང་། ཆུ་འགྲོ་བ་འདྲེན་པའི་གནས་ས་ཁྱད་པར་ཅན་ཞིག་ཡིན། སེམས་དཔའ་རང་བྱུང་རྡོ་རྗེས། ཙཱ་རི་ཞེས་པ་བཞི་ཡིན་ཏེ། །ཏྲ་ཡ་སྐྱོབ་པར་བརྗོད་པར་བྱ། །ཁམས་ནི་རྣམ་པ་བཞི་པོ་ལ། །བདེ་བ་ཆེན་པོས་སྐྱོབ་པའི་ཕྱིར། །ཞེས་ཀྱང་གསུངས།
|
| Foreign
|
རྒྱ་གར།
|
ཙཱ་རི་ཏྲ་ (2)
| Part of speech
|
མིང་ཚིག
|
| Definition
|
རྗེ་ས་པཎ་གྱིས། ཙཱ་རི་ཏྲ་ཞེས་བྱ་བའི་ཡུལ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་ཡོད་ཅེས་གསུངས་ལ། ཡུལ་དེར་རྡོ་རྗེ་ཕག་མོས་སྲིད་པ་གསུམ་གྱི་ཆང་དགུག་པར་གྲགས། སྦྱར་ཆང་དང་འབྲུ་ཆང་རྣམས་སྦྱར་ཐེངས་རེ་ལ་མང་དུ་བསྲིངས་ནས་སླར་གསར་པར་འགྲོ་བ། དེ་འདྲ་ལན་བདུན་འབྱུང་བ། དུས་བཟང་ལ་ལུང་པ་ཀུན་ཆང་གི་དྲིས་ཁྱབ་པ་ཞིག་གོ །
|