57592

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙི་ཏྲ་ཀ་ (1)
Part of speech མིང་ཚིག
Definition ལེགས་སྦྱར་སྐད་ཀྱི་སྨན་ཏྲུག་ཏྲུག་གི་མིང་སྟེ། བོད་སྐད་དུ་བསྒྱུར་ན་མེའི་འཁོར་ལོ་ཞེས་པའི་དོན་ཡིན་ཞིང༌། འདི་ནི་ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ལྗང་ཁུ་ཁྲུ་གང་ལྷག་ཙམ་གྱི་སྟོད་ཆ་ནས་ཡལ་ག་གྱེས་པ་དང༌། ལོ་མ་ལྗང་ཞིང་ཉག་ག་ཡོད་པ་མེ་ཏོག་དཀར་པོ་འདབ་མ་ལྔ་དང་ལྡན་པ་འཆར་ཞིང༌། འབྲས་བུའམ་གང་བུ་དམར་སེར་མཛུབ་མགོ་ཙམ་པའི་ནང་འབྲུ་གུ་སེར་སྐྱ་མང་པོ་ཡོད་པ་སྟེ། བོད་ཀྱི་མེ་ཏོག་དང༌། རྫ་ཡུལ་སོགས་ཀྱི་གྲོང་ཚོའི་ཉེ་འགྲམ་དང་ནགས་གསེབ་སོགས་སུ་སྐྱེ་བ། འབྲས་བུ་བོད་ཟླ་བདུན་པའི་ནང་བཏུ་དགོས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་པའམ་རྒྱུན་ལྡན་ཟས་ཀྱི་སྤོད་སྦྱོར་དུ་སྤྱོད་པ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་རྩུབ་ཅིང་དྲོ་བས་མེ་དྲོད་སྐྱེད་ཅིང་གཞང་འབྲུམ་གྱི་ནད་དང༌། འོར་ནད། སྲིན་ནད། མཛེ་ནད་སོགས་ལ་ཕན་པ་ཡིན།
Foreign རྒྱ་གར།