57605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙི་ན་ (1)
Part of speech མིང་ཚིག
Definition ཙི་ནའམ་ཙིན་ཞེས་པ་ནི། སྔོན་ཆད་རྒྱ་ནག་ལ་ཆིང་ཞེས་པའི་རྒྱལ་རབས་སྟོབས་འབྱོར་མངའ་ཐང་ཆེ་བ་ཞིག་བྱུང་སྟེ། རྒྱལ་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་བས། ཆིང་ཞེས་པ་དེ་བོད་སྐད་ལ་ཟུར་ཆག་སྟེ་ཚིན་ཞེས་པར་བྱུང་ལ། ཕྱིས་སུ་ཚིན་ཞེས་པ་ཡང་ཙིན་ནམ་ཙི་ན་ཞེས་པར་ཟུར་ཆག་པ་ཡིན། དབྱིན་ཇིའི་སྐད་ལ་རྒྱ་ནག་ལ་ཆི་ན་ཞེས་འབོད་པའང་དེ་ལས་ཟུར་ཆག་གོ།