57611
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དམར་སྐྱ་ཕྲ་ལ་རིང་ཞིང་སྙུང་རིལ་དབྱིབས་ལ་ཚིགས་པ་ཡོད་ཅིང་ཚིགས་མཚམས་སུ་ཨ་ར་ལྟ་བུའི་རྩ་ཕྲན་ཡོད་པ་དང༌། སྡོང་པོ་སྨུག་པོ་ཕྲ་བ་མཐོ་གང་ཙམ་པར་ཚིགས་པ་ནས་ཡལ་ག་གྱེས་ཏེ་སྐྱི་ལྤགས་དཀར་པོས་ཚིགས་པ་བཏུམས་ཡོད། ལོ་མ་སྔོ་ལྗང་མཐུག་ལ་གཙགས་བུའི་དབྱིབས་མཐའ་མཉམ་ལ་ངར་པ་ཐུང་བ་རེས་རེ་མོས་སུ་སྐྱེ་བ། མེ་ཏོག་ཟིང་དཀར་ཆུང་ལ་འདབ་མ་ལྔ་ལྡན་སྙེ་དབྱིབས་མཐའ་མཉམ་ལ་ངར་པ་ཐུང་རེ་མོས་སུ་སྐྱེ་བ། མེ་ཏོག་ཟིང་དཀར་ཆུང་ལ་འདབ་མ་ལྔ་ལྡན་སྙེ་དབྱིབས་མེ་ཏོག་བང་རིམ་དུ་སྡོང་པོའི་སྟོད་དུ་འཆར་ཞིང༌། འབྲུ་གུ་དམར་སྨུག་ཟུར་གསུམ་ཅན་འདོགས་པ་སྟེ། བོད་ཀྱི་ས་གནས་མང་ཆེ་བའི་རི་མ་ཐང་གི་ཆུ་ཡུར་གྱི་མཐའ་དང༌། ཆུ་རྫིང་གི་ཉེ་འགྲམ། གླིང་ཁའི་ནང༌། ཞིང་གི་མུ་སོགས་སུ་སྐྱེ་བ། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་སྐྱུར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་ཆུ་སེར་གྱི་ནད་དང༌། དམུ་ཆུ་སྦྱོང་བར་བྱེད་པ་ཡིན། |