5768
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་དཀྱིལ་དུ་སྐུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས། འདུལ་གཞུང་སོགས་ལེགས་པར་བསླབས། བལ་ཡུལ། ཁ་ཆེ་དང་། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པའི་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲངས་པ་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ། རྨུགས་འཛིན་འཆོལ་བའི་སྒྲུབ་ཐབས་སྙིང་པོ་བསྡུ་བ་འདུལ་བ་མདོའི་འགྲེལ་བ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་བཞི་པ། སྐྱེས་པའི་རབས་ཀྱི་ཕྲེང་བ་སུམ་ཅུ་རྩ་ལྔ་པ་བཅས་བཞུགས། |