57721

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙོང་ཁ་པ་རྗེ་བློ་བཟང་གྲགས་པའི་བསྟོད་པ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་པོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག་ཅེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་བསྟོད་པ་ཞིག་སྟེ། བྲག་གཡབ་གདོང་ཀོ་སྤྲུལ་སྐུ་དང་། ངག་དབང་དམ་ཆོས་རྒྱ་མཚོ་གཉིས་ནས་བསྐུལ་ངོར་བརྩམས་ཤིང་། ཚིགས་བཅད་ཤོ་ལོ་ཀ་བཞི་བཅུའི་གྲངས་དང་ལྡན་པ་ཞིག