57782

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚ་ཁོ་ངག་དབང་གྲགས་པ་ (1)
Part of speech མིང་ཚིག
Definition རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས། འཁྲུངས་ལོ་མི་གསལ། གཞོན་དུས་ནས་དབུས་སུ་ཕེབས། རྗེ་བཙུན་ཙོང་ཁ་པ་སོགས་བཤེས་གཉེན་མང་པོ་བསྟེན། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ལ་མཁས་པར་སྦྱངས། རྗེ་ཙོང་ཁ་པ་ལས་བྱང་ཆུབ་ལམ་རིམ་དང་། ལམ་གཙོ་རྣམ་གསུམ་གྱི་ཁྲིད་གསན། བླ་མེད་ཀྱི་དབང་དང་། རིམ་གཉིས་ཀྱི་མན་ངག་རྣམས་ཀྱང་མནོས། ཉམས་བཞེས་ཀྱིས་ལམ་རིམ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པོ་འཁྲུངས། རྗེ་ཙོང་ཁང་པས་དཀའ་བཞིའི་གྲྭ་སྐོར་མཛད་སྐབས་ནས་བཟུང་ཞབས་འབྲིང་པ་རྒྱུན་རིང་དུ་མཛད། རབ་བྱུང་བདུན་པའི་ལྕགས་སྟག་ཕྱི་ལོ་ ༡༤༡༠ ལོར་མདོ་སྨད་དུ་བྱོན། ཇ་ཕུའི་སྟོད་དུ་ད་ཚང་ལྷུན་གྲུབ་གླིང་དང་། ཇ་ཕུའི་སྐེད་དུ་བ་མགོ་དགོན་པ། ཇ་ཕུའི་སྨད་དུ་སུམ་མདོ་དགོན་པ། དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ལོའི་དགོན་སོགས་དགོན་པ་བརྒྱ་རྩ་བརྒྱད་བཏབ། རི་བོ་དགའ་ལྡན་པའི་བསྟན་པ་གོང་སྤེལ་གནང། འདས་ལོ་མི་གསལ། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་སོ་ལྔ་པ་ཡིན།