57783
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོ་ ༡༩༤༣ ལོ་ནས་མཚོ་སྔོན་ཕྱོགས་སུ་ཚ་ཁོའི་བླ་མ་ངག་དབང་ཆོས་དཔལ་རྒྱ་མཚོས་བཏབ། ཚ་ཁོའི་གཏེར་སྟོན་འཇིགས་མེད་རང་བྱུང་རྡོ་རྗེ་མཆོག་གི་ཀཿཐོག་པའི་ཆོས་བརྒྱུད་ཀྱི་ཕྱག་ལེན་ལྟར་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་གནང་། ཁོང་ནི་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་གྱི་དབང་གིས་སྐུ་བཤེགས། ཕྱི་ལོ་ ༡༩༨༦ ལོར་ཆོས་སྒོ་ཕྱེས། ཚ་ཁོའི་བཀྲ་བྷོ་དང་། མཁན་སྤྲུལ་ཀླུ་པ་གཉིས་ཀྱིས་རྒྱལ་བ་ཀཿཐོག་པའི་ཕྱག་སྲོལ་གནང་བཞིན་ཡོད། གྲྭ་པ་དྲུག་ཅུ་ཙམ་ཡོད། ལྷ་ཁང་གཉིས། གྲྭ་ཁང་བདུན་ཅུ་དོན་གཉིས། རྡོ་འབུམ་འཁོར་ཁང་སོགས་ཡོད། |