5779

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་ཤ་ (1)
Part of speech མིང་ཚིག
Definition སྐད་ཆེན་པོ་སྒྲོག་པའི་དོན་ཏེ།
Example ཇོ་བོ་རྗེའི་རྣམ་ཐར་ལས། སྐྱེ་བོ་རྣམས་ཀྱིས་རྒྱལ་བུ་མཐོང་བ་ན། །ག་ཤ་སྒྲོག་ཅིང་གླུ་གར་རོལ་མོ་འབུལ། །ཞེས་པ་ལྟ་བུ།
ག་ཤ་ (2)
Part of speech མིང་ཚིག
Definition ཕྲག་གོང་དང་མཆན་འོག་གཡས་གཡོན་དུ་དཀྲི་བའི་རྒྱན་ཆ་སེ་རལ་ཁ་སྟེ།
Example བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་ལས། ག་ཤ་ནི་སེ་རལ། ཞེས་གསུངས།
ག་ཤ་ (3)
Part of speech མིང་ཚིག
Definition ངུར་སྨྲིག་གི་གོས་ཀྱི་མིང་ལ་འཇུག་སྟེ།
Example བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། ག་ཤ་ནི་རྒྱན་དང་ངུར་སྨྲིག་གི་གོས་སོགས་ལ་འཇུག ཅེས་གསུངས་པ་ལྟར་རོ།
ག་ཤ་ (4)
Part of speech མིང་ཚིག
Definition ཞང་སྐད། དགའ་བ།