From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚ་གྲང་གལ་མདོ་ (1)
| Part of speech
|
མིང་ཚིག
|
| Definition
|
ནད་ཚ་བ་དང་གྲང་བ་གཉིས་ཀྱི་ནོར་འཕྲང་གལ་ཆེ་བའི་མདོ་དོན་རྣམས་གསལ་བར་སྟོན་པ་པ་ཟེར། དེ་ཡང་ཚ་གྲང་འཁྲུལ་བའི་གལ་འགག་ལ་རྣམ་པ་བཞི་ཡོད་དེ། ཕྱིའི་ནད་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་ཚ་བ་ཡིན་པ་དང༌། ཕྱིའི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་གྲང་བ་ཡིན་པ་དང༌། ཕྱིའི་རྟགས་ལ་ཚ་བའི་རྣམ་པ་སྟོན་ཡང་ནང་ནད་ཀྱི་ངོ་བོ་གྲང་བ་ཡིན་པ་དང༌། ཕྱིའི་རྟགས་ལ་གྲང་བའི་རྣམ་པར་ཡོད་ཀྱང་ནད་ཀྱི་ངོ་བོ་ཚ་ཡིན་པ་བཅས་བཞིའོ།
|
| Domain
|
གསོ་རིག
|
ཚ་གྲང་གལ་མདོ་ (2)
| Part of speech
|
མིང་ཚིག
|
| Definition
|
ཚ་ནད་སྨིན་མ་སྨིན་པའི་མཚམས།
|