57821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚ་དམྱལ་པའི་ཚེ་ཚད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཡང་སོས་ལ་སོགས་པ་ཚ་བའི་དམྱལ་བ་དྲུག་གི་ཚེ་ཚད་ནི་རིམ་པ་བཞིན་དུ་འདོད་པའི་ལྷ་རྒྱལ་ཆེན་རིས་བཞི་ལ་སོགས་པ་དྲུག་པོའི་ཚེའི་ཚད་ཇི་ཙམ་བཤད་པ་དང་ཡང་སོས་ལ་སོགས་པ་དྲུག་གི་ཉིན་ཞག་མཉམ་པར་ཤེས་པར་བྱ་སྟེ། འདི་ལྟར་རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་པའི་ཞག་ཏུ་བརྩི་བ་ལ་སོགས་པའོ། །དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་དང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་པ་དེས་ན་ཡང་སོས་ལ་སོགས་པ་དེ་དག་རྣམས་ཀྱི་ཚེ་ཚད་ནི་རང་གི་ལོ་ལྔ་བརྒྱ་དང་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་ཐུབ་པར་འདོད་པའི་ལྷ་དྲུག་པོ་རྣམས་དང་ལོའི་གྲངས་འདྲ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །རབ་ཏུ་ཚ་བའི་དམྱལ་བས་ནི་བར་གྱི་བསྐལ་པ་ཕྱེད་ཐུབ་བོ། །མནར་མེད་པས་ནི་བར་གྱི་བསྐལ་པ་གཅིག་ཐུབ་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།