57835
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ཕྱི་ལོ་ ༡༧༨༡ ལོར་ཚ་ཕུག་གད་སྐྱར་འཁྲུངས། ལྡེ་ཚའི་མཁན་པོ་ངག་དབང་འོད་ཟེར་གྱིས་བྱ་ཁྱུང་གི་སེང་ཁྲི་སྐྱོང་སྐབས་འདིས་དཔོན་པོའི་འགན་ཁུར། བདུན་ཅུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ཕྱི་ལོ་ ༡༨༥༠ ལོར་བྱ་ཁྱུང་དགོན་པའི་མཁན་ཁྲིར་བཞུགས། ཆོས་སྲིད་གཉིས་ཀྱིས་གདན་ས་ལོ་ངོ་བཅུའི་རིང་བསྐྱངས། དོན་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་རེ་དྲུག་པ་ཡིན། |