From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚ་བ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ཚ་བོ་ཡི་བསྡུར་རིམ་གཉིས་པ། དྲོད་ཚད་མཐོ་བའི་དོན།
|
| Example
|
ཇ་འདི་དེ་ལས་ཚ་བ་འདུག ཁ་སང་ལས་དེ་རིང་ཉི་མ་ཚ་བ་ལྟ་བུ།
|
ཚ་བ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
ལྕེ་ཤེས་ཀྱི་མྱོང་བྱར་གྱུར་པའི་རོ་དྲུག་གི་ཡ་གྱལ་ཞིག་སྟེ།
|
| Example
|
ལྒ་སྐྱ་རོ་ཚ་བ་ལྟ་བུ།
|
ཚ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ལུས་ཀྱི་དྲོད་ཁམས་འཕེལ་བ་ལས་བྱུང་བའི་ནད་ཚ་བ།
|
ཚ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ལྟོ་ཆས་ཀྱི་དོན་དུ་བཤད།
|
| Type
|
བརྡ་རྙིང་།
|
ཚ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་གསུམ་སྟེ། ལྒ་སྐྱ་དང༌། པི་པི་ལིང༌། ཕོ་བ་རིས་གསུམ་ལ་ཚ་བ་གསུམ་ཟེར་བས་ནའོ། །
|
| Type
|
མངོན་བརྗོད།
|
ཚ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
ཚ་དམྱལ་བརྒྱད་ཀྱི་ནང་གསེས་ཤིག་སྟེ། ཁྲོ་ཆུ་ཁོལ་མ་ཁར་བླུགས་པས་ཁོང་པ་འཚིག་པ་དང་། ཡང་མཚོན་རྩེ་གཅིག་པ་ཚེར་མ་ཅན་བཤང་ལམ་ནས་སྤྱི་བོར་འབིགས་པའི་སྡུག་བསྔལ་མྱོང་དགོས་པའི་དམྱལ་བའོ། །དེར་ཚེ་ཚད་ནི་འདོད་ལྷ་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་རང་ལོ་ཁྲི་དྲུག་སྟོང་དེ་དམྱལ་བ་ཚ་བའི་ཉིན་ཞག་གཅིག་ཡིན་པས། དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་དང་ཟླ་བ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་སྟེ། མི་ལོ་བྱེ་བ་ཕྲག་བྱེ་བ་ལྔ་བརྒྱ་དང་། བྱེ་བ་ཕྲག་བྱེ་བ་སུམ་ཅུ་དང་། བྱེ་བ་ཕྲག་ས་ཡ་བརྒྱད་དང་། བྱེ་བ་ཕྲག་བཞི་འབུམ་དང་། བྱེ་བ་ཕྲག་ཁྲི་དྲུག་སྟོང་ཡོད་དོ། །ཞེས་ཐར་རྒྱན་ལས་གསལ། ཡང་མི་ལོ་གཏམས་གསུམ་གཏམས་ཆེན་པོ་ལྔ་རབ་བཀྲམ་བརྒྱད་དང་རབ་བཀྲམ་ཆེན་པོ་བརྒྱད། ཁྲག་ཁྲིག་དགུ་ཐེར་འབུམ་ཆེན་པོ་གཉིས་ཡོད་པ་མཆིམས་འཇམ་པའི་དབྱངས་ཀྱིས་གསུངས་སོ། །
|
| Domain
|
ཆོས་ལུགས།
|