57861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚ་བའི་དམྱལ་བ་ (1)
Part of speech མིང་ཚིག
Definition འཛམ་བུ་གླིང་འདི་ཉིད་ཀྱི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་དམྱལ་བ་མནར་མེད་པ་དང་། དེའི་སྟེང་ན་དམྱལ་བ་གཞན་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་ཏེ་བརྒྱད་དང་། བརྒྱད་པོ་དེ་དག་གི་ཕྱོགས་བཞི་སོ་སོ་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཐང༌། རལ་གྲིའི་ཚལ་བཅས་བཞི་བཞི་ཡོད་པས་བཅུ་དྲུག་སྟེ་ཉེ་འཁོར་ལྷག་མ་རྣམས་དང་བཅས་པ་རྣམས་སོ། །དེར་གནས་པའི་སེམས་ཅན་ཚ་བས་མི་བཟད་པས་ཉེན་པས་དེ་དག་གི་ལུས་དང་སྒྲ་འགྱུར་བ་དང་མཐུན་པས་ཚ་བའི་དམྱལ་བ་ཞེས་བྱའོ། །
Domain ཆོས་ལུགས།