57891
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་ཚ་ཚྭའི་ཆོ་ག རྒྱ་གར་གྱི་མཁན་པོ་ཏི་པཾ་ཀ་ར་ཤྲཱི་ཛྙ་ན་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། གོང་གི་ཆོས་ཚན་༢༧༡༤ པ་ནས་ ༢༧༢༥ པའི་བར་ལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་སྔགས་ལུགས་བཅུ་གསུམ་དུ་གྲགས་པ་སྟེ། དེ་ལས་ཆོས་ཚན་ ༢༧༡༦ པ་ནས་ ༢༧༢༥ བར་གྱི་ཆོས་ཚན་དགུ་ལ་གཞུང་དུ་མཛད་བྱང་མི་གསལ་ཡང་། ཆོས་ཚན་ ༢༧༢༥ པའི་འགྱུར་བྱང་གི་མཐར་དཱི་པཾ་ཀ་རའི་སྔགས་ལུགས་བཅུ་གསུམ་པའོ། །ཀུན་ལ་ཡོད་ན་ངོ་མཚར་ཆེ། །བཅུ་གསུམ་ནི། སྔགས་ཀྱི་དོན་ལ་འཇུག་པ། དབང་བསྐུར་བ། དམ་ཚིག་སྦས་པ། གཞལ་ཡས་ཁང་སྦྱིན་པ། ཆུ་གཏོར། སྦྱིན་བསྲེག ལྷ་མཆོད་པ། ཚེ་སྒྲུབ་པ། འཆི་བ་སླུ་བ། འཆི་ཀ་མའི་བསྟན་ཆོས། རོ་བསྲེག་པ། བདུན་ཚིགས། ཚ་ཚྭ་གདབ་པ་དང་བཅུ་གསུམ་མོ། །ཨ་ཏི་ཤའི་སྔགས་ཀྱི། ཆོས་ཆེན་བཅུ་གསུམ་འདི་དག་ལ། །བདག་གིས་མཆན་བཏབ་པའི་བསོད་ནམས་ཀྱིས། །མྱུར་དུ་བྱང་ཆུབ་ཐོབ་པར་ཤོག ། ཅེས་འཁོད་པ་དང་། དེ་དག་གི་སྒྱུ་པ་པོ་ཡང་པེ་ཅིང་པར་མ་དང་། སྣར་ཐང་པར་མའི་དཀར་ཆག་ཏུ་པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གཉིས་འཁོད། བསྟན་འགྱུར་རྒྱུད་ཧུ་པར་བཞུགས། |