57918

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚ་འུར་འུར་ (1)
Part of speech རྒྱན་ཚིག
Definition དབྱར་དུས་གནམ་གཤིས་ཀྱི་དྲོད་ཆེན་ཚ་བའམ། མེ་དང་ཉི་འོད་ཕོག་པའི་ཉམས་འགྱུར་ཏེ།
Example ཚ་འུར་འུར་གྱི་ལུས་པོ་ནས་རྔུལ་ནག་ཁྲོམ་ཁྲོམ་ཐོན་བྱུང་ལྟ་བུ།
ཚ་འུར་འུར་ (2)
Part of speech རྒྱན་ཚིག
Definition འཇིགས་སྐྲག་སྐྱེས་ནས་སྙིང་ཚ་འུར་འུར་བྱེད་པའི་རྣམ་པ་སྟེ།
Example སྐྲག་ནས་སྙིང་ཚ་འུར་འུར་བྱས་བྱུང་ལྟ་བུ།