5793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གག་པ་ (1)
Part of speech མིང་ཚིག
Definition ན་ཚ་ཞིག་གི་མིང་སྟེ། གཉན་ནད་ལྕེའི་སྟེང་དུ་བབས་ནས་ལྕེ་སྐྲངས་ཤིང་སྐད་འགགས་པ་ཞིག་ཡིན། ནང་གསེས་སུ་དབྱེ་ན་ཕོ་གག་དང༌། མོ་གག བུ་གག གཉན་གག་བཅས་རིགས་བཞི་ཡོད། ནད་རྟགས་ལ་ལྟོས་ནས་བཏགས་པ་ཡིན་ཏེ་གཉན་ནད་གྲེ་བ་དང་ལྕེ་ཆུང་གཉིས་སུ་གཉན་རིམས་བབས་ན་གྲེ་བའམ་མིད་པ་འགགས་པ་ལྟར་བྱེད་པས་མིང་ཡང་དེ་ལྟར་བཏགས་པར་བཤད། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། གག་པ་ནི་འགགས་པའི་དོན་ནོ། དེ་ཡང་གཉན་ནད་གྲེ་བ་དང། ལྕེ་ཆུང་ལ་བབ་ཏེ་འགག་པ་ལྟར་བྱེད་པ་ལ་གག་པ་ཞེས་གསུངས།
གག་པ་ (2)
Part of speech མིང་ཚིག
Definition བྱ་ཞིག་གི་མིང་སྟེ། བྱ་གག་པ་མཆུ་ལེབ་ལ་རྐང་པ་ཐུང་བ། སྡེར་མོ་སྐྱི་མོས་སྦྲེལ་ཅིང་ཆུར་རྐྱལ་མཁས་པའི་བྱའི་རིགས་ཤིག་ཡིན་པ་འདི་ལ་ཁྱིམ་བྱ་དང་རི་བྱ་གཉིས་ཡོད།