57934

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚ་ལ་ (1)
Part of speech མིང་ཚིག
Definition གསེར་དང་ཟངས་སོགས་ལྕགས་རིགས་ཀྱི་ཡོ་བྱད་རྣམས་གས་སྲུབ་སྦྱར་ནས་བཟོ་བཅོས་བྱེད་པའི་བྱ་བའི་མིང་སྟེ།
Example ཟངས་སྐྱོགས་ལ་ཚ་ལ་བྱས་ཞེས་པ་ལྟ་བུ།
ཚ་ལ་ (2)
Part of speech མིང་ཚིག
Definition ལྕགས་རིགས་མ་ཡིན་པའི་གཏེར་ཐོན་རྫས་རིགས་ཤིག ཟེགས་མའི་རྣམ་པ་ཅན་དང་བྱེ་མའི་རྣམ་པ་ཅན་གཉིས་ཡོད། ཟེགས་མའི་རྣམ་པ་ཅན་གྱི་ཚ་ལ་ནི་དྭངས་ལ་དབྱིབས་ཤོ་རྡེལ་ལྟ་བུ་འོད་འཚེར་བ་ཞིག་ཡིན་ལ། བྱེ་མའི་རྣམ་པ་ཅན་གྱི་ཚ་ལ་ནི་མདོག་ལྗང་སྨུག་ཕྱེ་ལྟ་བུ་ཞིག་ཡིན། དེ་ཀུ་ཀུ་ཤའི་རྩི་དང་སྨན་རིལ་གྱི་རྩི་བྱེད་ཆོག་ལ་ཤེལ་བཟོ་བའི་རྒྱུ་ཆ་ཞིག་ཀྱང་ཡིན།