57937

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚ་ལན་ཡེ་ཤེས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་མགོར་དབུ་རུར་ཡབ་མངའ་བདག་མགོན་སྤྱོད་ཀྱི་སྲས་སུ་འཁྲུངས། དབུས་ཁུལ་དུ་ཆབ་སྲིད་བསྐྱངས། བསམ་ཡས་གཙུག་ལག་ཁང་གི་ཞབས་ཏོག་བསྒྲུབས། མངའ་ཁོངས་ནས་མདོ་ཁམས་སུ་མི་བཅུ་ཙམ་མངགས་ཏེ་སྨད་འདུལ་དར་བར་བདག་རྐྱེན་མཛད། ལེགས་སྦྱར་སྐད་ལ་ལེགས་པར་སྦྱངས། གྲོལ་ཐིག་སོགས་བསྒྱུར། བསྟན་རྩིས་ཀུན་བཏུས་ལས་བོད་ལུགས་མེ་མོ་གླང་ལོ་སྟེ་ཕྱི་ལོ་ ༩༧༧ ལོའི་སྔ་ཕྱིར་སྐུ་གཤེགས། ཞེས་གསུངས། མངའ་བདག་ཡུམ་བརྟན་ནས་བརྩིས་པའི་གདུང་རབས་དྲུག་པ་ཡིན། སློབ་མ་གཙོ་བོ་ནི་ཁ་རག་སྨྱོས་ཀྱི་ལོ་ཙཱ་བ་ཡིན།