From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གང་ (1)
| Part of speech
|
ཚབ་ཚིག
|
| Definition
|
དོན་གྱི་བྱེ་བྲག་སོ་སོར་དམིགས་སུ་མ་ཕྱེ་བར་གང་ཟག་དང་། དངོས་པོ། དུས་ཚོད། གྲངས་ཀ། ཕྱོགས་སོགས་མཐའ་དག་ལ་ཁྱབ་པའི་སྤྱི་ཙམ་སྟོན་བྱེད་དུ་འཇུག་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་ཡིན།
|
| Keyword
|
True
|
| Example
|
ངན་པ་ཕལ་ཆེར་རང་གི་སྐྱོན། །གང་ཡིན་གཞན་ལ་འགོད་པར་བྱེད། །ལྟ་བུ།
|
གང་ (1)
| Part of speech
|
གྲངས་ཚིག
|
| Definition
|
ཁྲུ་དང་སོར་གྱིས་འཇལ་ཚད་གཅིག་གམ་སྣོད་ཚད་ཀྱི་བཅུད་གཞལ་བའི་གཅིག་གི་དོན་ལ་འཇུག་སྟེ།
|
| Keyword
|
True
|
| Example
|
ས་གོམ་པ་གང་། ཆང་ཕོར་བ་གང་། ཐག་པ་འདོམ་གང་། རས་ཐོ་གང་། སྲབ་མཐུག་སོར་གང་ལྟ་བུ།
|
གང་ (1)
| Part of speech
|
བྱ་ཚིག
|
| Definition
|
བཅུད་ཀྱིས་སྣོད་སོགས་ཁ་ཁེངས་པའི་དོན་ཏེ།
|
| Keyword
|
True
|
| Example
|
ཟངས་དཀར་འོ་མས་གང་ལྟ་བུ།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|