58019
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གྲུབ་མཐའ་ནི་འབའ་རོམ་བཀའ་བརྒྱུད་ཡིན་ཞིང་དགོན་འདི་ཐོག་མར་འདེབས་མཁན་ཚང་གསར་ཀརྨ་ངག་དར་གྱི་སྲས་ནོར་བུ་རྩེ་གསུམ་གྱི་ཡ་གྱལ་ངག་དབང་རྣམ་རྒྱལ་ཞུ་བ་དེ་ཡིན། ཁོང་གིས་དགོན་པ་འདེབས་པའི་དགོངས་བཞེད་བཞིན་ས་ཆ་དེར་གཟིགས་དཔྱད་གནང་བར་ཕེབས་སྐབས་ཆུ་གཉིས་འདུས་པའི་མདོ་ནས་ཤེལ་དཀར་ཕྲེང་བ་བརྒྱ་རྩ་བརྒྱད་ཚང་བ་རྙེད་པས་རྟེན་འབྲེལ་ལེགས་པར་དགོངས་ནས་ཕྱི་ལོ་ ༡༧༢༤ ལོར་དགོན་ས་བཏབ་པས་བདེ་མོ་དགོན་ཞེས་པའི་མིང་ཆགས། སྐབས་དེར་འདུ་ཁང་ཀ་དགུ་མ་དང་། ཇ་ཁང་། མགོན་ཁང་བཅས་ཆ་ཚང་དང་གྲྭ་ཤག་གྲངས་སུམ་ཅུ་ནང་བཅས་རྟེན་དང་བརྟེན་པ་གསར་བཞེངས་གནང་ནས་དགོན་མིང་ལ་དཔལ་ཚངས་གསར་བདེ་མོ་དགོན་བཀྲ་ཤིས་ཆོས་གླིང་དུ་གསོལ། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་ལེགས་པར་བསྐྱངས། དེའི་སྐུ་ཕྲེང་གཉིས་པ། ཀརྨ་བསྟན་འཛིན་དང་། གསུམ་པ། ཀརྨ་ཡེ་ཤེས་རྒྱལ་མཚན་ནམ་ཕྲིན་ལས་ཀུན་ཁྱབ། བཞི་པ། ངེས་དོན་ཆོས་རྒྱལ་བཅས་ཀྱིས་གདན་ས་རིམ་པར་བསྐྱངས་ནས་ད་ལྟའི་སངས་རྒྱས་གྲགས་པའི་བར་སྐུ་ཕྲེང་ལྔ་བྱོན་པ་ཡིན་ནོ། །རྣམ་རྒྱལ་བཞི་པའི་དུས་སྐབས་སུ་སྤོ་ར་བླ་རྒན་ཞུ་བ་ཞིག་ཡོད་པ་ཁོང་ནི་ལྕི་རྒྱུད་སྤོ་ར་ཚང་ཞེས་པར་འཁྲུངས་ཤིང་། གནས་གནང་དཔའ་བོ་རིན་པོ་ཆེས་དམ་པའི་སྐྱེ་སྤྲུལ་དུ་བསྔགས་པས་སྤོ་ར་སྤྲུལ་སྐུར་འབོད། དགོན་པར་སྒྲུབ་ཁང་གསར་བཞེངས་སོགས་བསྟན་ལ་སྨིན་པའི་མཛད་ཕྲིན་རྒྱ་ཆེར་བསྐྱངས། དེའི་ཡང་སྲིད་ཀྱང་ཁྲིར་ཕེབས་སོ། ཡང་དགོན་པའི་མདུན་ཕྱོགས་སུ་སྔོན་གཏེར་ཆེན་མཆོག་གྱུར་གླིང་པས་གནས་ཞལ་ཕྱེས་པའི་མཚོ་གླང་བྲག་དཀར་ཞེས་བཀའ་རྟགས་རང་བྱོན་མངའ་བའི་གནས་རི་ཞིག་ཀྱང་ཡོད་པ་བཅས་མདོར་བསྡུས་ཙམ་མོ། ། |
{{#arraymap:ཚང་གསར་བདེ་མོ་དགོན་བཀྲ་ཤིས་ཆོས་གླིང་
|; |@@@ | | }}