58020
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཚང་གསར་རྡོ་རྗེ་འབུམ་གྱི་སྲས་སུ་རབ་བྱུང་བཅུ་པའི་མེ་བྱི(༡༥༧༦)ལོར་སྐུ་བལྟམས། སྔགས་རིགས་འཛིན་པའི་ཚུལ་མཛད། མདོ་སྔགས་ཀྱི་ཆོས་མ་ལུས་པ་ལ་གསན་སྦྱངས་མཛད། ཁྱད་པར་ཡབ་མེས་ཀྱི་བདེ་མགོན་ལྷ་གསུམ་ལ་རྩེ་གཅིག་ཏུ་བསྙེན་བསྒྲུབ་ལ་ཐུགས་བསྒྲིལ། རྔམ་རྩ་དང་ཟམ་སོའི་བྲག་དང༌། ལྕི་རཱ་ཛ་རྫོང་དང་ཇོ་མོ་གཡུ་སྒྲོན་སོགས་སུ་རི་འགྲིམ་མཛད། ཝ་རྫོང་བྲག་ལ་ཕར་འཕུར་ཚུར་འཕུར་མཛད་དེ། དགེ་བསྙེན་བར་བློན་དམ་ལ་བཏགས། བྲག་ལ་སྐུ་རྗེས་དང་ཞབས་རྗེས་བཞག ། སྐུ་ཚེའི་སྨད་ལ་གཡག་གི་མགོ་(འདི་ནི་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཤང་ཆགས་སའི་ཟུར་དུ་ཡོད)ཞེས་པར་རྫོང་བརྩེགས་ཏེ་དཔལ་མགོན་པོའི་བསྒྲུབ་པ་ལ་རྩེ་གཅིག་ཏུ་ཐུགས་དམ་མཛད་ནས་གྲུབ་རྟགས་མངོན་དུ་གྱུར། བསྟན་དགྲ་བེ་རུ་མཐའ་དམག་ནུས་མཐུས་ཚར་བཅད། རྫོང་གཡག་གི་མགོར་སྒོ་བཅད་མཛད་ནས་བཞུགས། མཐར་དགུང་ལོ་གྱ་བདུན་རབ་ལོ་བཅུ་གཅིག་ཆུ་སྟག(༡༦༦༢)ལ་འཇའ་ལུས་གྲུབ། དེ་ཉིད་དུ་འོག་མིན་རྣམ་སྣང་མཛད་ཀྱི་དུར་ཁྲོད་དུ་ལས་མགོན་དབུ་སྨུག་གི་སྐུར་བཞེངས་པ་གནམ་ཆོས་མི་འགྱུར་རྡོ་རྗེ་ལ་གནས་གཏེར་གྱི་སྒོ་ནས་སྒྲུབ་ཐབས་ལས་ཚོགས་བཅས་འདས་རྗེས་སུ་བབས། འདི་ཡི་གསོལ་ཁ་ད་ལྟ་ཡང་ཚང་གསར་བའི་དགོན་སྡེ་ཚང་མས་གསུངས་ཀྱི་ཡོད། |
{{#arraymap:ཚང་གསར་ལྷ་སྲུང་
|; |@@@ | | }}