58028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚང་མང་གསར་པའི་གདན་རབས་ (1)
Part of speech མིང་ཚིག
Definition ལུས་མེད་རྡོ་རྗེའི་རིགས་དབོན་བྱང་ཆུབ་གཞོན་ནུའི་མཆེད་ཀྱེ་ལ་སངས་རྒྱས་དཔལ་ལ་གྱི་སྲས་ཆེ་བ་དབོན་གྲགས་པ་བྱང་ཆུབ། བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང་ཞིང་གདམ་པ་གསན། གདན་ས་སྐུ་འབུམ་དུ་ཚང་མང་གསར་བའི་ཁྲིར་ཕེབས། བརྩོན་འགྲུས་རྒྱལ་མཚན་ནི། སྤྱན་སྔ་གྲགས་བཟང་ལས་རབ་ཏུ་བྱུང༌། མདོ་སྔགས་ཀྱི་ཆོས་རྣམས་གསན་གདན་ས་སྐུ་འབུམ་གྱི་ཁྲི་འཛིན་མཛད། བཀྲ་ཤིས་རྒྱལ་མཚན་ཉིད་བརྩོན་འགྲུས་རྒྱལ་མཚན་ལས་རབ་ཏུ་བྱུང༌ཞིང་གདམ་པ་གསན། ཚང་གསར་པའི་གདན་ས་མཛད། བསོད་ནམས་རིན་ཆེན་དང༌། བསོད་ནམས་རྒྱལ་མཚན་སྐུ་མཆེད་གཉིས་བཀྲ་ཤིས་རྒྱལ་མཚན་ལས་རབ་ཏུ་བྱུང༌། གདམ་པ་ཐམས་ཅད་གསན། གཉིས་ཀས་ཚང་གསར་པའི་གདན་ས་མཛད། བསོད་ནམས་བློ་གྲོས། བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང༌། འབའ་རོམ་བརྒྱུད་པའི་ཆོས་དང་གདམས་ཟབ་ཐམས་ཅད་ཞུས། ཚང་གསར་པའི་ཁྲི་འཛིན་མཛད། བསོད་ནམས་བཟང་པོ། བསོད་རིན་པ་གཉིས། བསོད་བློ་ལས་རབ་ཏུ་བྱུང༌། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས། ཁུ་དབོན་གཉིས་ཆར་གདམས་ཁྲིད་ཟབ་མོའི་རྗེས་འཛིན་མཛད། བསྟན་དགོན་གྱི་མཛད་པ་དར་རྒྱས་འགྲན་ཟླ་བྲལ་བ་བྱུང༌། ནང་པ་རྡོ་བཅང་བ་དང་སྤྱན་སྔ་ཆོས་སྐྱོང་དཔལ་ལྡན་གཉིས་གཽ་ཤྲཱི་བསོད་ནམས་བཟང་པོ་ལས་རབ་ཏུ་བྱུང༌། འབའ་རོམ་པའི་ཆོས་སྐོར་མ་ལུས་པ་གསན་བསམ་མཛད། ཆོས་སྐྱོང་དཔལ་ལྡན་ལ་གཽ་ཤྲཱིི་ལས་ཀ་ཕེབས། བསོད་ནམས་དོན་འགྲུབ་རྡོ་བཅང་བ་སངས་རྒྱས་དབང་ཕྱུག་ལས་རབ་ཏུ་བྱུང༌། ཡབ་མེས་ཀྱི་གདམས་སྐོར་མ་ལུས་པ་གསན། བསོད་ནམས་དོན་གྲུབ་ལ་གོ་ཤྲཱི་ལས་ཀ་བཅས་གདན་སར་བསྐོས། བཀྲ་ཤིས་དོན་འགྲུབ་ནི་བསོད་ནམས་དོན་འགྲུབ་ལས་རབ་ཏུ་བྱུང་ཞིང་འབའ་རོམ་གྱི་གདམས་སྐོར་ཐུགས་སུ་ཆུད་པར་མཛད། བཀྲ་ཤིས་དོན་འགྲུབ་ལ་གོ་ཤྲཱི་འཇའ་ས་ཕེབས་ཏེ་གདན་སར་བསྐོས། བསོད་ནམས་རྒྱ་མཚོ་བཀྲ་ཤིས་དོན་འགྲུབ་ལ་རབ་ཏུ་བྱུང་ཞིང་གདམས་པ་ཕོག ། མཚན་གོ་ཤྲཱི་བསོད་ནམས་རྒྱ་མཚོ་ཞུ། སྐུ་འབུམ་གྱི་ཁྲི་འཛིན་མཛད། ཀརྨ་ཆོས་རྒྱལ་བསོད་ནམས་རྒྱ་མཚོས་རྗེས་སུ་བཟུང་ཞིང་ཡབ་ཆོས་རྫོགས་པར་མཛད། གདན་ས་སྐུ་འབུམ་དུ་ཚང་མང་གསར་བའི་ཁྲི་འཛིན་མཛད། འདི་སྐབས་བེ་རུ་ཕྱི་ནང་གི་ལྐོག་གཡོ་ངན་འཕྲུལ་གྱིས་སྨད་ཀྱི་བེ་རུའི་མི་ལོག་གིས་མདོ་སྨད་ཕལ་ཆེར་བཅོམ་ནས་ངན་སྟོབས་ཆེར་རྒྱས་པའི་དབང་གིས་དམག་འཁྲུགས་མཐའ་འཁྱོལ་བ་མ་བྱུང་བས། ལྕི་ལ་གོང་ཞེས་པར་རྒྱལ་ས་འཕོས་པར་མཛད། ཀརྨ་ཆོས་རྒྱལ་ཡན་ཆད་ནི་གདན་ས་སྐུ་འབུམ་རྩར་ཚང་མང་གསར་པའི་ཁྲི་འཛིན་བར་མ་ཆད་དུ་བྱོན་པ་ཡིན་ལ། ཁོང་གི་ཕྱིན་ཆོད་ལ་ཚང་གསར་གྲྭ་ནང་དུ་རྫོང་མཁར་པོ་ཆེ་ཞེས་པ་བརྩིགས་ནས་ཆོས་སྲིད་བར་མ་ཆད་པར་བསྐྱངས་ཤིང་རིག་རྒྱུད་དང་ཆོས་བརྒྱུད་བར་མ་ཆད་པར་དེང་སང་གི་བར་དུ་ཡོད་པའོ། །

{{#arraymap:ཚང་མང་གསར་པའི་གདན་རབས་

|; |@@@ | | }}