5803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ག་ཆུང་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཕྲ་ལ་རྒྱུས་པ་འཛིང་པ་འདྲ་བ་ཐུང་ཞིང་མང་བ་དང་། སྡོང་པོ་སྨུག་པོ་ཕྲ་ལ་ཐུང་བ་སོར་གང་ཙམ་ལ་ཚིགས་དབྱིབས་དོད་པ་འཕྲེད་དུ་སྐྱེ་ཞིང་། ལོ་མ་དཀར་ལ་དམར་མདངས་ལྡན་པ་ཉ་ཁྲབ་དབྱིབས་ཅན་རིམ་བཞིན་སྡོང་པོ་ལྟ་བུ་གྲུ་བཞིར་འགྱུར་ཞིང་ལོ་མའི་མཐའ་མཉམ་ལ་ངར་པ་མེད་པ་དང་། མེ་ཏོག་དཀར་པོ་རི་མོ་སྨུག་ནག་ཡོད་པ་སྤང་རྒྱན་མེ་ཏོག་གི་དབྱིབས་འདྲ་བ་སྦུག་སྟོང་ཅན་འཆར་བ། མེ་ཏོག་དཀར་པོ་རི་མོ་སྨུག་ནག་ཡོད་པ་སྤང་རྒྱན་མེ་ཏོག་གི་དབྱིབས་འདྲ་བ་སྦུག་སྟོང་ཅན་འཆར་བ། མེ་ཏོག་རིམ་བཞིན་རྒས་པའི་ནང་ནས་འབྲས་བུ་ཡུ་བ་རིང་བའི་རྩེར་འབྲས་བུ་ཁ་གས་པའི་ནང་ས་བོན་སེར་སྐྱ་ཞིབ་མོ་མང་པོ་ཡོད་པ་བཅས། བོད་ཀྱི་ས་ཁུལ་མང་པོའི་རི་མཐོའི་གཡའ་ཤག་དང་གངས་ཞོལ་སོགས་སུ་སྐྱེ། མེ་ཏོག་བཏུ་བའི་སྡེ་ཡིན་ཡང་ཕྱག་ལེན་དུ་བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པས་བསིལ་བའི་དུག་ཚད་རྒྱས་པ་དང་། ཆམ་རིིམས། སྨུག་པོའི་ཁྲག་ལམ་ཆོད་པ། གློ་ལུ་བ་བཅས་སེལ་ཞིང་། དེ་མིན་ཚད་འཁྲུ་དང་། ཚ་བའི་སྐྲངས་པ། རྨ་ཚད་སོགས་ལའང་ཕན་པ་ཡིན།

{{#arraymap:གང་ག་ཆུང་

|; |@@@ | | }}