58037
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གཉིས་པའི་སྨད་དུ་འཁྲུངས། བླ་མ་བ་ལམ་པ་ལས་རབ་ཏུ་བྱུང་། མཚན་ལ་ཚུལ་ཁྲིམས་སེང་གེ་ཞེས་གསོལ། ཁྲིད་དང་གདམས་ངག་ཐམས་ཅད་ཞུས། ལྷ་ཕྱུག་མཁར་བ་ཉི་ཟླ་འོད་ཀྱི་གཟིམ་གཡོག་མཛད། གདམས་ངག་མ་ལུས་པར་མནོས། རྟ་སྒར་ཕེབས་ཏེ་སྣང་སྒོམ་རས་པ་དང་། མཁན་པོ་སྦྲུག་གཅེར་བ་གཉིས་ལས་བསྙེན་པར་རྫོགས། ཚང་འདུར་ལྷ་སྡིངས་དགོན་པ་བཏབ། མཚན་ལ་སྣང་སྒོམ་ཞིག་པོ་ཞེས་ཞུས། ཡོན་བདག་སྒར་པ་རྣམས་ཀྱིས་ཞོག་ཕུག་གི་དགོན་གཞིས་ཕུལ་ནས་དགོན་པ་བཏབ། འཇམ་དཔལ་དང་མ་ཎིའི་ཐུན་བཙུགས། གུང་ཐང་དུ་ཡོན་བདག་རིན་ཆེན་མགོན་གྱིས་གདན་དྲངས་ནས་སྲད་ཐང་གི་གཙུག་ལག་ཁང་ཕུལ། སྙམས་ཡོན་བདག་བསམ་གྲུབ་ཀྱིས་གདན་དྲངས་ནས་བྲག་ཤུག་གསེབ་ཕུལ། དགོན་པ་བཏབ་ཅིང་མ་ཎིའི་ཐུན་བཙུགས། ཕྱི་ཡུལ་དུ་མང་དཀར་བ་ཡོན་བདག་རྣམས་གདན་དྲངས་ནས་ཁྱུ་རི་དགོན་པ་བཏབ། དྲོས་པ་བཏབ་ཅིང་ཆོས་ཁྲི་ཐང་ལ་ཆོས་གསུངས། སྐུ་ཐང་དུ་ཡོན་བདག་རྒྱལ་གྱིས་གདན་དྲངས་ནས་སྤྲོག་ཏུ་དགོན་པ་བཏབ་ཅིང་མ་ཎིའི་རྒྱུན་བཙུགས། སུམ་རྗེ་རྩོམ་གླིང་དུ་ཡོན་བདག་བན་ནག་གིས་གདན་དྲངས་ནས་དགོན་པ་བཏབ་ཅིང་མ་ཎིའི་རྒྱུན་བཙུགས། དགོན་པ་དང་བྲག་དཀར་རྟ་སོ་དབུ་མའི་རྫོང་། སྨན་ཁང་། གོ་བོ་ཚ་རྣམས་སུ་སྒྲུབ་པ་ཉམས་ལེན་གནང་། བདུན་ཅུ་པར་སྐུ་གཤེགས། མཚན་གཞན། ཚུལ་ཁྲིམས་སེང་གེ། |
{{#arraymap:ཚང་འདུར་བ་ཆེན་པོ་
|; |@@@ | | }}