58050

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་གནས་དགོན་ (1)
Part of speech མིང་ཚིག
Definition ཤེས་རབ་རྒྱ་མཚན་དང་ཤེས་རབ་དཔའ་བ་གཉིས་ཀྱིས་ཚ་ཁོའི་གནས་སུ་ཀཿཐོག་པའི་ས་དབྱིབས་འདྲ་བའི་སྟེང་རི་ཁྲོད་བཏབ། ཀཿཐོག་བླ་རབས་བཅུ་གསུམ་གྱི་ནང་ཚན་གཅོད་ཀྱི་གྲུབ་ཐོབ་ཀུན་དགའ་འབུམ་པའི་སློབ་མ། ཁུ་རྒྱལ་བླ་མས་ཚངས་གནས་དགོན་པའི་ཕ་རི་ན་བྲག་ཁྱི་སོ་ཟེར་བའི་ནང་གཉན་ས་གཅོད་པར་སོང་ནས་ནུབ་མོ་མར་མེ་ལྟ་བུ་ཞིག་དུས་རྒྱུན་དུ་རིག་རྒྱུ་ཡོད་པ། གྲིམ་རྐང་གི་ཚད་བཞག་ནས་ཕྱིས་སུ་དགོན་པ་འདེབས་ས་དེ་ཡིན་གསུང་བས་དེ་ནས་སྐྱེས་ཆེན་བླ་མ་གསུམ་གྱི་ད་ལྟའི་དགོན་པ་འདི་བཏབ་པའོ། །ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ། ཀུན་བཟང་ངེས་དོན་དབང་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁན་པོ་ངག་དགའི་སློབ་མ་ཁྲ་སྐྱ་དཔལ་ལྡན། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། མཁན་འབྱོར་ལྡན། མཁན་རྒྱལ་མཚན་འོད་ཟེར། རྨོག་སྤྲུལ། མཁན་འཇམ་དབྱངས། སྤྲུལ་བློ་དགའ་སོགས་ཀྱི་སློབ་མ་རྣམས་ཀྱིས་རྒྱལ་རོང་སོགས་ཕྱོགས་སོ་སོར་ཀཿཐོག་པའི་ཆོས་བརྒྱུད་སྤེལ་བའོ། །

{{#arraymap:ཚངས་གནས་དགོན་

|; |@@@ | | }}