58059
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་འགྲོ་དྲུག་འདུལ་བྱེད་ཀྱི་སྤྲུལ་སྐུའི་གསུང་གི་རྣམ་གྲངས་དྲུག་ལ་གསུང་གི་ཡན་ལག་བཅུས་བསྒྱུར་བས་དྲུག་ཅུར་བྱུང་སྟེ། དེ་ལ་རྣམ་གྲངས་དྲུག་ནི་སྒྲ་བརྙན་ལྟ་བུའི་ཤ་དྷ་བ། འབྲུག་གི་སྒྲ་དབྱངས་ལྟ་བུའི་གར་དྷ་བ། རོལ་དབྱངས་ལྟ་བུའི་བྲེང་ངེ་བ། ཚངས་དབྱངས་ལྟ་བུའི་དུང་ངེ་བ། ཀ་ལ་པིང་ཀའི་དབྱངས་ལྟ་བུའི་ཅང་ཀ་དེའུ། གླུ་གར་གྱི་དབྱངས་ལྟ་བུའི་པང་ཀ་དེའུ་དང་དྲུག་གོ ། གསུང་གི་ཡན་ལག་བཅུ་ནི་འདུ་ཤེས་བསྐྱེད་པ། རྣམ་པར་རིག་པ། མཉམ་པར་འོས་པ། མི་མཐུན་པ་མེད་པ། ཤིན་ཏུ་ཟབ་པ། རྗེས་སུ་འབྱུང་བ། གང་གིས་མི་ཚུགས་པ། རྣར་སྙན་པ། རྣམ་པར་མ་འཁྲུགས་པ། ཤིན་ཏུ་གསལ་བའོ། ། |
Domain | ཆོས་ལུགས། |
{{#arraymap:ཚངས་དབྱངས་ཡན་ལག་དྲུག་ཅུ་
|; |@@@ | | }}