58069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་པ་བའི་གྲུབ་མཐའ་ (1)
Part of speech མིང་ཚིག
Definition ཕྱི་རོལ་གྲུབ་མཐའ་དྲུག་ལས་ཚངས་པ་བ་སྟེ། བོད་ཀྱི་ལོ་ཙཱ་བ་ས་བཟང་མ་ཏི་པཎ་ཆེན་གྱི་སྤྱོད་འཇུག་འགྲེལ་བ་ལས། ཚངས་པ་བ་ལ་ནི་རིག་བྱེད་པ་དང་མཆོད་སྦྱིན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་རིག་བྱེད་བཞི་འདུས་མ་བྱས་ནམ་མཁའ་ལྟར་རྟག་པར་འདོད། ཅེས་དང་། ཚངས་པའི་ཁ་ལ་སོགས་པའི་ལུས་ཀྱི་ཆ་ཤས་བཞི་ལས་བྲམ་ཟེ་ལ་སོགས་པའི་མི་རིགས་བཞི་(ཁ་ལས་བྲམ་ཟེ་དང༌། དཔུང་བ་ལས་རྒྱལ་རིགས་དང༌། བརླ་ལས་རྗེ་རིགས་དང༌། རྐང་པ་ལས་དམངས་རིགས་)སྤྲོས་པར་འདོད། ཅེས་དང་། (རྟ་དཀར་བོ་གཙང་མ་བསད་དེ་)རྟ་གཙང་མཆོད་སྦྱིན་ལ་སོགས་པས་མཐོ་རིས་ཐོབ་པར་འདོད། ཅེས་བྱུང་།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཚངས་པ་བའི་གྲུབ་མཐའ་

|; |@@@ | | }}