58074
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྨུག་རྒྱུས་ཕྲན་ཤད་པ་འདྲ་བ་དང༌། ལོ་མ་སྔོ་སྐྱ་སྟོད་ཆ་སྒོར་ཞིང་སྨད་རིམ་བཞིན་ཕྲ་ལ་རིང་བའི་མཐར་ངེས་གཏན་མེད་པའི་སྤུ་དཀར་སྲིན་བལ་ལྟ་བུ་ཡོད་པ་ཆུན་པོར་སྐྱེ་བ། སྡོང་པོ་ཕྲ་ལ་ཐུང་བ་བཞི་ལྔ་ཙམ་ལོ་མ་རྣམས་ཀྱི་དབུས་ནས་སྐྱེ་བར་ཡལ་ག་མེད་ཅིང་སྡོང་པོའི་ལོགས་སུ་སྐྱེ་བའི་ལོ་མར་སྤུ་དཀར་འཇམ་པོས་ཁྱབ་ཡོད། མེ་ཏོག་སྔོ་དཀར་ལ་དབྱིབས་ལུག་མིག་གི་མེ་ཏོག་འདྲ་བ་གདུགས་འཁྱིལ་མེ་ཏོག་སྡོང་པོའི་རྩེར་འཆར་བ་སྟེ། བོད་ཀྱི་ས་གནས་མང་པོའི་རི་མཐོའི་གཡའ་གསེབ་བྱེ་ཤས་ཆེ་ཙམ་ཡིན་པའི་སར་སྐྱེ་བ་མང༌། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ་ནུས་པ་བསིལ་ལ་རྩུབ་པས་ཆམ་ཚད་རྒྱས་པ་དང༌། གཉན་རིམས་ལ་ཕན་པ་ཡིན། |
{{#arraymap:ཚངས་པ་ལྷའི་མེ་ཏོག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཚན་གྱི་རྣམ་གྲངས་ཤིག |
{{#arraymap:ཚངས་པ་ལྷའི་མེ་ཏོག་
|; |@@@ | | }}