58080
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་གྲོགས་དང་སློབ་མ་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དཀར་སེར་ཚུལ་མཛེས་གཙང་སྦྲ་ཆེ། བྲམ་ཟེའུའི་བུ་མོ་ཚངས་པའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་ངོ་བོའམ་མཚན་ཉིད་བསྟན་ཏེ། ལུས་དང་བྱད་ཀྱི་མདོག་དཀར་སེར་ལ་ཕྱིའི་ཚུལ་སྤྱོད་གཙང་ཞིང་མཛེས་པའི་རིག་མ་ལ་བྱའོ། །དེ་ལ་བྲམ་ཟེའུའི་བུ་མོའམ་ཚངས་པའི་གྲོགས་ཞེས་སྨོས་པ་ནི་མཛེས་ཤིང་གཙང་སྦྲ་ལྡན་པའི་སྒོ་ནས་བརྗོད་པར་མངོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ཚངས་པའི་གྲོགས་
|; |@@@ | | }}