58082

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་པའི་ཐེག་པ་ (1)
Part of speech མིང་ཚིག
Definition ཚངས་པའི་སྐད་དོད་ནི། པྲཧྨ་ཞེས་བྱ་གཙང་བའམ་དག་པ་ལ་འཇོག་པས། བསམ་གཏན་དང་པོ་གཙང་ཞིང་དག་ན་གོང་མ་གསུམ་རིམ་གྱིས་ཇེ་གཙང་དང་ཇེ་དག་ཏུ་འགྲོ་བ་སྟེ་བཅུ་བདུན་པོ་ཐམས་ཅད་ལ་ཚངས་པ་ཞེས་འཇོག་གོ ། བསམ་གཏན་དང་གཟུགས་མེད་བཞི་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བགྲོད་པར་བྱེད་པ་ཚངས་པའི་ཐེག་པ་ཡིན་ལ། དེས་བགྲོད་པའི་འབྲས་བུ་ནི་བསམ་གཏན་དང་པོའི་ཚངས་པ་ཁོ་ན་མ་ཡིན་གྱི་འདིར་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་ཐམས་ཅད་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཚངས་པའི་ཐེག་པ་

|; |@@@ | | }}