58111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་པར་ལྡན་པ་མཆོག་དང་ལྡན་པའི་ཆོས་ལྔ་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། འཁྲིག་བ་ལས་གཞན་དུ་འཁྲིག་པ་ལས་ངེས་པར་འབྱུང་བ་མི་ཚོལ་བ་ནི། དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་སྤོང་བའི་ཕྱིར་རོ། །དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་དེ་བཞིན་ཉིད་རབ་ཏུ་རྟོགས་པར་རིག་པར་བྱའོ། །འཁྲིག་པ་སྤང་བ་ལ་གཡེལ་བ་ནི། མི་ཚངས་པ་སྤྱོད་པ་སྤོང་བའི་ཐབས་ལ་རྟོགས་པའི་ཕྱིར་རོ། །འཁྲིག་པའི་འདོད་ཆགས་སྐྱེས་པ་དང་དུ་ལེན་པ་ནི། འདོད་པ་ལ་འདོད་ཆགས་ནང་དུ་ཕྱི་རོལ་དུ་སྤོང་བའི་ཕྱིར་རོ། །འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་ནི། དེའི་གཉེན་པོའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བའི་དོན་དུ་རྩོམ་པའི་ཕྱིར་རོ། །ཡང་ཡང་གཉིས་སྙོམས་པར་འཇུག་པ་ནི། ཞི་གནས་དང་ལྷག་མཐོང་གཉིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལ་སྙོམས་པར་འཇུག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་འབྲས་བུ་དང་རྒྱུའི་བྱེ་བྲག་གིས་བདེན་པ་བཞིའི་བདག་ཉིད་དུ་གྱུར་བའི་དོན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:ཚངས་པར་ལྡན་པ་མཆོག་དང་ལྡན་པའི་ཆོས་ལྔ་

|; |@@@ | | }}