58115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་པར་སྤྱོད་པ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ སྤངས་ཤིང་ཡང་དག་པར་བླངས་པ་ནི། མི་ཚངས་པར་སྤྱད་པ་འཁྲིག་པའི་ཆོས་སྤངས་ཤིང༌། བསླབ་པ་ཡང་དག་པར་བླངས་པ་གང་ཡིན་པའོ། །༢ དེ་ལ་བར་ཆད་མེད་པར་སྤངས་པ་ནི། སོ་སོའི་སྐྱེ་བོའི་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་གང་ཡིན་པའོ། །༣ དེ་ལ་དེ་གཏུན་སྤངས་པ་ནི། ཕྱིར་མི་འོང་བའམ། དགྲ་བཅོམ་པ་ཉིད་གང་ཡིན་པའོ། །
Domain ཆོས་ལུགས།

{{#arraymap:ཚངས་པར་སྤྱོད་པ་རྣམ་པ་གསུམ་

|; |@@@ | | }}