From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚངས་སྐྱེས་ (1)
| Part of speech
|
མིང་ཚིག
|
| Definition
|
བྲམ་ཟེའི་མིང་སྟེ། རིག་བྱེད་ཀྱི་གཞུང་དུ་བྲམ་ཟེའི་རིགས་དེ་ལྷ་ཚངས་པའི་ཁ་ནས་སྐྱེས་པར་བཤད་པས་སོ། །
|
| Type
|
མངོན་བརྗོད།
|
ཚངས་སྐྱེས་ (2)
| Part of speech
|
མིང་ཚིག
|
| Definition
|
གཟའ་སྤེན་པའི་མིང་སྟེ། རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན། སྔོན་དབང་ཕྱུག་དང་ལྷ་མ་ཡིན་རུ་རུ་འཐབ་པ་ན། དབང་ཕྱུག་གི་རྔུལ་ཆུ་ལྷུང་བ་ལས་ལྷ་མོ་བདུན་བྱུང་བའི་ནང་གི་ཚངས་མ་ལས་སྐྱེས་པས་སོ། །
|
ཚངས་སྐྱེས་ (3)
| Part of speech
|
མིང་ཚིག
|
| Definition
|
འདོད་ལྷའི་བུ་སྟེ། འདོད་འཇོའི་བ་མོ་ལས། བསྐལ་བའི་མཐར་ཡང་མ་འགགས་ལུས། །སྔོན་གྱི་སྐྱེས་བུ་མ་རྙིང་བའི། །པད་མ་ལས་ནི་ཚངས་པ་ཉིད། །སྐྱེས་པའི་ཕྱིར་ན་ཚངས་སྐྱེས་སོ། །ཞེས་གསུངས།
|
| Synonyms
|
ཀེ་ཏུའི་འོད། དེད་དཔོན་དབྱངས་སྙན། བདུད་ཀྱི་བུ། མ་འགགས་པ། ཚངས་པའི་བློ་གྲོས། རི་ཤྱ་ཀེ་ཏུཿ། སེང་གེའི་སྒྲ་སྒྲོག སྣ་ཚོགས་གསལ། བསོད་ནམས་རྒྱན། བློ་བཟང་བོ་དང་། བློ་གྲོས་མི་གཡོ་བ། བློ་གྲོས་རྩེ་གཅིག རི་དྭགས་རྒྱལ་མཚན་ཅན། རལ་གྲིའི་མཚོན་ཆ།
|