58140

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚད་ (1)
Part of speech བྱ་ཚིག
Definition རིང་ཐུང་དང་ཆེ་ཆུང་སོགས་འཇལ་བའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [ཚད།, གཟུགས་རིང་ཐུང་ཚད་དགོས།]
Present [ཚད།, རིང་ཐུང་ཚད་ཀྱིན་འདུག]
Past [ཚད།, ཡང་ལྕི་ཚད་ནས་ཤེས།]
Imperative [ཚོད།, རིང་ཐུང་ཚོད་དང་ཤེས་ལྟ་བུ།]
ཚད་ (2)
Part of speech བྱ་ཚིག
Definition ཕན་ཚུན་འགྲན་བསྡུར་བྱས་པའི་དོན།
Keyword True
Future [ཚད།, ཤེད་ཤུགས་ཚད་དགོས།]
Present [ཚད།, ཤེད་ཤུགས་ཚད་ཀྱིན་འདུག]
Past [ཚད།, ཤུགས་ཚད་ནས་ཕམ།]
Imperative [ཚོད།, སྟོབས་སུ་ཆེ་ཤུགས་ཚོད་ལྟ་བུ།]
ཚད་ (3)
Part of speech བྱ་ཚིག
Definition གྲི་དང་མེ་མདའ་སོགས་ཀྱི་ཁ་གཏད་པའམ་གཟས་པའི་དོན།
Keyword True
Future [ཚད།, མེ་མདའ་འབེན་ལ་ཚད་དགོས།]
Present [ཚད།, གདོང་ལ་གྲི་ཚད་ཀྱིན་འདུག]
Past [ཚད།, མེ་མདའ་ཚད་ནས་བྲོས།]
Imperative [ཚོད།, མེ་མདའ་འབེན་ལ་ཚོད་ཅིག་ལྟ་བུ།]
ཚད་ (4)
Part of speech བྱ་ཚིག
Definition བཀོལ་བའི་དོན་ཏེ།
Keyword True
Future [ཚད།, འུ་ཐུག་ན་གཡོ་སྒྱུ་ཚད་དགོས།]
Present [ཚད།, ཁོས་གཡོ་སྒྱུ་ཚད་ཀྱིན་འདུག]
Past [ཚད།, གཡོ་སྒྱུ་ཚད་ནས་དགྲ་ཡ་ཕམ།]
Imperative [ཚོད།, དགྲ་ཡ་མགོ་སྐོར་ཐབས་སུ་གཡོ་སྒྱུ་ཚོད་ལྟ་བུ།]
ཚད་ (1)
Part of speech མིང་ཚིག
Definition ལས་ཚིག་ད་ལྟ་བའི་མཐའ་ལ་སྦྱར་ན་ཚད་གྲངས་ངེས་ཅན་གྱི་མིང་སྟེ།
Keyword True
Example འགྲོ་ཚད། འདུག་ཚད། ཟ་ཚད། འཐུང་ཚད་ལྟ་བུ།
ཚད་ (2)
Part of speech མིང་ཚིག
Definition ལས་ཚིག་འདས་པའི་མཐའ་ལ་སྦྱར་ན་གཅིག་ཀྱང་མ་ལུས་པའི་དོན་ཏེ།
Keyword True
Example མདའ་འཕངས་ཚད་ཕོག ཁ་ཟས་བཟས་ཚད་བསྐྱུགས་ལྟ་བུ།
ཚད་ (3)
Part of speech མིང་ཚིག
Definition མིང་ལ་ལའི་མཐའ་ལ་སྦྱར་ན་ཚད་གཞིའི་མིང་སྟེ།
Keyword True
Example ལྗིད་ཚད་རྒྱ་མ་བརྒྱ་ལོངས་ལྟ་བུ།
ཚད་ (4)
Part of speech མིང་ཚིག
Definition ཚད་པ་ཞེས་པའི་མིང་མཐའ་བསྡུས་པ་སྟེ།
Keyword True
Example མཁལ་ཚད། གློ་ཚད། གཉན་ཚད་ལྟ་བུ།
ཚད་ (5)
Part of speech མིང་ཚིག
Definition ཚད་མ་ཞེས་པའི་མིང་མཐའ་བསྡུས་པ་སྟེ།
Keyword True
Example སྒྲ་ཚད་ཀྱི་གཞུང་ལ་སྦྱང་དགོས་ལྟ་བུ།