58158
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱ་གར་གྱི་སྐད་དུ་པྲ་མཱ་ན་ཞེས་པ་བསྒྱུར་བ་སྟེ། པྲ་ནི་དང་པོ་དང་། རབ་དང་། སོ་སོ་ལ་འཇུག་ལ། མཱ་ན་ནི་འཇལ་བ་སྟེ། དེ་ལྟར་ན་དང་པོ་དང་། རབ་དང་། སོ་སོར་འཇལ་བ་ལ་ཚད་མ་ཞེས་བརྗོད་དོ། ། |
{{#arraymap:ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བདེན་དོན་དང་གནས་ལུགས་འཚོལ་ཆེད་གཏན་ཚིགས་ཀྱི་རྣམ་གཞག་བཀོད་པའི་རིག་པ། |
{{#arraymap:ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་ཡུལ་ལ་མི་བསླུ་བའི་ཤེས་པ་སྟེ། རང་ཡུལ་གསར་དུ་རྟོགས་པའི་བློ་མངོན་སུམ་ཡང་དག་དང༌། རྗེས་དཔག་ཡང་དག་རྣམས་ཏེ། མདོ་སྡེ་བ། གསར་དུ་མི་བསླུ་བའི་རིག་པ། དེ་ལ། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་ཡོད། |
Domain | ཚད་མ། |
{{#arraymap:ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སློབ་དཔོན་ཕྱོགས་ཀྱི་གླང་པོས། གཞུང་གི་ཆ་འགའ་ཞིག་ཏུ་མི་བསླུ་བ་དང་འགའ་ཞིག་ཏུ་མ་ཤེས་དོན་གསལ་དུ་གསུངས་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་གཉིས་དགོངས་པ་གཅིག་ཏུ་མཛད་ནས་བློ་དེ་དོན་དེ་ལ་མི་བསླུ་བའི་ནུས་པ་ཉིད་ལ་བཞེད་པ་ཡིན་ནོ། །ཚད་མ་དང་ཡང་དག་པའི་ཤེས་པ་གཉིས་རྣམ་གྲངས་ཡིན་པས་ཡང་དག་པའི་ཤེས་པ་ཉིད་དབྱེ་གཞི་ཡིན་ནོ། །དབྱེ་ན། མངོན་སུམ་དང་། རྗེས་དཔག་གཉིས་སོ། །དེ་དག་གཅིག་དང་ཐ་དད་བརྟག་པ་ནི། མངོན་སུམ་དང་རྗེས་དཔག་གཉིས་བུམ་པ་སྣམ་བུ་ལྟར་དངོས་པོ་ཐ་དད་དམ། དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའམ། བྱས་པ་དང་མི་རྟག་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དམ། ཟླ་བ་དང་བསིལ་ཟེར་བྱེད་ལྟར་དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན་ཞེ་ན། ཤེས་པ་གཅིག་ཉིད་ཡུལ་ལ་རྒྱབ་ཀྱི་མེ་ལ་ལྟོས་ནས་རྗེས་དཔག་ཡིན་ཞིང་ཤེས་པའི་ངོ་བོ་ལ་ལྟོས་ནས་མངོན་སུམ་ཡིན་པས་ཡུལ་ལ་ལྟོས་ནས་ཐ་དད་ཡུལ་ཅན་ལ་ལྟོས་ནས་གཅིག་ཡིན་ནོ། །གྲངས་ངེས་ནི། གཞལ་བྱ་གཉིས་ཡིན་པས་དེ་འཇལ་གྱི་ཚད་མའང་གཉིས་ཁོ་ནར་ངེས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། |
{{#arraymap:ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཚད་མའི་མཚན་ཉིད་རང་ཡུལ་གསར་དུ་རྟོགས་པའི་བློ། དེས་ན། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་པའི་དོན་མི་སླུ་བ་ཙམ་མིན་གྱི། གསར་དུ་རྟོགས་པ་འདི་ལྟ་བུ་ཡིན་ཞེས་ཤེས་པའི་ཕྱིར་དུ། མ་ཤེས་དོན་གྱིས་གསལ་བྱེད་ཀྱང༌། །ཞེས་པས་གཞུང་སྔ་མའི་དོན་གསལ་དུ་བཏང་བ་ཡིན་ནོ། །འོ་ན་ཀྱང་གི་དོན་གང་ཞེ་ན། གཞུང་སྔ་མའི་དོན་ལ། སྒྲ་བྱུང་ཚད་མ་ལ་མ་ཁྱབ་པའི་སྐྱོན་མེད་པར་མ་ཟད། ཀུན་རྫོབ་ཤེས་པ་ལ་ཁྱབ་ཆེས་པའི་སྐྱོན་ཡང་མེད། ཅེས་པའི་དོན་ནོ། །ཞེས་གསུངས། ཚད་མ་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་ན། མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ་གཉིས། ཞེས་དང་། ཚད་མ་ལ་ཡུལ་ཅན་ལ་ངེས་པ་འདྲེན་ནུས་ཀྱི་སྒོ་ནས་དབྱེ་ན། རང་ལས་ངེས་ཀྱི་ཚད་མ་དང༌། གཞན་ལས་ངེས་ཀྱི་ཚད་མ་གཉིས། ཞེས་གསུངས། |
{{#arraymap:ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལུགས་འདིར་རང་ཡུལ་གསར་དུ་རྟོགས་པ་གང་ཞིག་ལ་ཡུལ་དེ་ལ་མི་བསླུ་བའི་རིག་པ་ཞིག་ལ་ཟེར། དེ་ལ་དབྱེ་ན་མངོན་སུམ་དང་རྗེས་དཔག་གཉིས་སུ་དབྱེ་བ། རང་ལས་ངེས་དང་གཞན་ལས་ངེས་ཀྱི་ཚད་མ་གཉིས་སུ་དབྱེ་བ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ་རྣམས་སུ་ཡོད། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང། །ཞེས་གསུངས་པའི་ཕྱིར། དེ་ཡང་། གསར་དུ་ཞེས་པས་དཔྱད་ཤེས་ཚད་མ་ཡིན་པ་གཅོད། མི་བསླུ་བ་ཞེས་པས་ཡིད་དཔྱོད་ཚད་མ་ཡིན་པ་གཅོད། རིག་པ་ཞེས་པས་དབང་པོ་གཟུགས་ཅན་པ་ཚད་མ་ཡིན་པ་གཅོད་ཞེས་གསུངས་སོ། ། |
{{#arraymap:ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། མི་སླུ་བའི་རིག་པ། ཚད་མའི་མཚན་ཉིད། དབྱེ་ན་མངོན་སུམ་གྱི་ཚད་མ་དང༌། རྗེས་དཔག་ཚད་མ་གཉིས། ཞེས་དང་། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱིི་དོན་ལས། རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱའི་གཙོ་བོ་ལ་མི་སླུ་བའི་རིག་པ། ཚད་མའི་མཚན་ཉིད། མཚན་ཉིད་དེ་ལྟར་འཇོག་པ་དང༌། འདུ་བྱེད་རྣམས་ནི་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པ་དང་འགལ་བའི་སྐྱོན་མེད་དེ། འདུ་བྱེད་ཐམས་ཅད་རང་འཛིན་རྟོག་པ་ལ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་བརྫུན་པ་བསླུ་བའི་དོན་ཡིན་པ་དང༌། ཚད་མས་རང་གི་གཞལ་བྱ་ཇི་ལྟར་དཔྱད་པ་ལྟར་དུ་གྲུབ་པའི་དོན་ལ་མི་སླུ་བ་མི་འགལ་བའི་ཕྱིར། ཞེས་གསུངས། |
{{#arraymap:ཚད་མ་
|; |@@@ | | }}