58164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། རྒྱ་གར་གྱ་མཁན་པོ་བ་སུ་དྷ་ར་རཀྵི་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འདི་དང་གོང་གི་ཆོས་ཚན་ ༣༤༣༣ པའི་འགྱུར་བྱང་གི་རྗེས་སུ་ཚིགས་སུ་བཅད་པ་འཇམ་པའི་མགོན་པོའི་བཀའ་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་བཟངས་སྲུང་མཛད་ཅེས་བྱ་སྡེ་བདུན་བཤད་མཁན་དང་། གཟུས་ཆུང་སྟོན་པའི་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག ། ཅེས་འཁོད། བསྟན་འགྱུར་ཚད་མ་ཅ་པར་བཞུགས།

{{#arraymap:ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་

|; |@@@ | | }}

ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་ (2)
Part of speech མིང་ཚིག
Definition སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་གསེར་གྱི་གོ་ཆ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དད་པའི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདི་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་མི་བཞུགས།

{{#arraymap:ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་

|; |@@@ | | }}