58167
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གཞི་དེ་རྟོགས་པའི་རྟོག་པ་ཚད་མ་དེས། གཞི་དེ་རྟོགས་པ་ཙམ་གྱིས་གཞི་དེའི་ཁྱད་ཆོས་ཀུན་ངེས་མི་ནུས་པ་དེའི་ཁྱད་ཆོས་དེ་དག་རེ་རེ་ལ་ཚད་མ་གཞན་རེ་རེ་ནས་འཇུག་པ་དང། གཞི་དེ་དང་དེ་བརྗོད་པའི་སྒྲས་ཀྱང་དེ་དག་གི་ཁྱད་ཆོས་དག་ཀྱང་བརྗོད་མི་ནུས་པ་གཞི་སོ་སོ་ལའང་སོ་སོར་བརྗོད་པའི་སྒྲ་གཞན་འཇུག་པ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། སྒྲ་འཛིན་མངོན་སུམ་གྱིས་སྒྲ་མཐོང་བའི་ཚེ་སྒྲའི་སྟེང་གི་བྱས་མི་རྟག་མཐོང་བ་བཞིན་དུ། སྒྲ་ངེས་པའི་ངེས་ཤེས་ཀྱིས་ཀྱང་སྒྲ་ངེས་པའི་ཚེ་སྒྲ་ཡི་སྟེང་དུ་བྱས་མི་རྟག་ངེེས་པར་ཐལ། དེ་དེ་ལ་སྒྲུབ་པས་འཇུག་པའི་ངེས་ཤེས་གང་ཞིག སྒྲ་དང་སྒྲ་ཡི་སྟེང་གི་བྱས་མི་རྟག་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་ཁས་ཤིང་། འདོད་མི་ནུས་པ་ནི་སྒྲ་ངེས་པའི་ངེས་ཤེས་རྒྱུད་ལྡན་གྱི་གང་ཟག་ལ། སྒྲ་མི་རྟག་པ་སྒྲུབ་དགོས་པར་སྲིད་པས་གོ་ནུས་པའི་ཕྱིར། |
Domain | ཚད་མ། |
{{#arraymap:ཚད་མ་གཞན་དང་སྒྲ་གཞན་འཇུག་པ་
|; |@@@ | | }}