58187
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱེད་དྲུག་པས་ནི། རང་དོན་ལེའུའི་ཐོག་མར་རྟགས་ཀྱི་ལྡོག་ཁྱབ་གྲུབ་པ་ལ། རྟགས་ཆོས་ཀྱི་འབྲེལ་བ་གྲུབ་དགོས་པའི་སྒྲུབ་བྱེད་དང་། འབྲེལ་བ་དེ་དག་ཇི་ལྟར་ངེས་པའི་ཚུལ་དང་། གཞན་དོན་ལེའུར་ཡང་འབྲེལ་བ་ལ་ལྟོས་ནས་གཏན་ཚིགས་ཡང་དག་གཉིས་སུ་འགྱུར་བའི་ཚུལ་གསུངས་པ་དང་། གཞན་ཡང་འབྲེལ་བ་བརྟག་པ་ལས་འབྲེལ་བའི་རྣམ་བཞག་རྒྱས་པར་གསུངས་པ་རྣམས་ཀྱི་དོན་བསྡུས་ནས་དོན་ལ་འབྲེལ་བ་དགག བློ་ངོར་འབྲེལ་བ་བསྒྲུབ། འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་རྣམས་བསྟན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡེ་བདུན་རབ་གསལ་ལས་སོ། ། |
{{#arraymap:ཚད་མ་རིགས་གཏེར་རབ་བྱེད་དྲུག་པའི་བརྗོད་བྱ་
|; |@@@ | | }}