58205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚད་མ་རྣམ་འགྲེལ་ (1)
Part of speech མིང་ཚིག
Definition རྒྱ་གར་ནཱ་ལེནྡྲའི་སློབ་དཔོན་ཆེན་མོ་དཔལ་ཆོས་ཀྱི་གྲགས་པས་བརྩམས་པའི་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ། རང་དོན་གྱི་ལེའུ་དང་། ཚད་མ་གྲུབ་པའི་ལེའུ། མངོན་སུམ་ལེའུ། གཞན་དོན་ལེའུ་ཞེས་ལེའུ་བཞི་ཡི་བདག་ཉིད་ཅན་ཞིག་ཡིན། ཚད་མའི་གཞུང་གི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྟུལ་པོའི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ལེའུ་བཞིའི་བདག་ཉིད་ཅན་ཤིན་ཏུ་རྒྱས་པ་ཚད་མ་རྣམ་འགྲེལ་ཞེས་བྱ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། བརྗོད་བྱ་དོན་གྱི་ཚད་མ་བདེན་གཉིས་ལ་གསར་དུ་མི་སླུ་བའི་ཤེས་པ་བརྗོད་བྱར་བྱེད་པའི་ཐུབ་པའི་གསུང་རབ་དང་། ཚད་མ་ཀུན་ལས་བཏུས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས་སོ། །

{{#arraymap:ཚད་མ་རྣམ་འགྲེལ་

|; |@@@ | | }}