58206
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་གཞན་དུ། ཚད་མ་རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར་ཞེས་ཀྱང་ཟེར། འདི་ནི་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དགུང་ལོ་ཞེ་གཅིག་པ་མེ་ཕོ་ཁྱི་ཕྱི་ལོ་ ༡༨༨༦ ལོའི་བོད་ཟླ་དགུ་པའི་ཚེས་བཅུ་ནས་དབུ་བརྩམས་པ་དང་། མེ་མོ་ཕག་སྟེ་ཕྱི་ལོ་ ༡༨༨༧ ལོའི་བོད་ཟླ་དང་པོའི་ཚེས་གཅིག་ལ་མཐའ་གྲུབ་པར་བྱས་པའི་བསྟན་བཅོས། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་གྱི་ཡ་གྱལ། ཤིན་ཏུ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞིག་ཡིན། དེ་ཡང་ཀུན་མཁྱེན་མི་ཕམ་པས་མཆོག་སྤྲུལ་འཇིགས་མེད་བློ་གྲོས་སོགས་དོན་གཉེར་ཅན་འགའ་ལ་ཚད་མའི་གཞུང་འཆད་ཁྲིད་གནང་སྐབས། ཁོང་གི་སློབ་འབངས་སུ་གཏོགས་པ་ལྷག་བསམ་རྒྱལ་མཚན་དང་། བློ་གྲོས་གཉིས་ནས་དམིགས་བསལ་མཐུན་རྐྱེན་སྦྱར་ཞིང་དེ་ལ་འགྲེལ་བཤད་གསལ་པོ་ཡོད་པའི་བསྟན་བཅོས་ཤིག་མཛད་པར་ཞུ་ཞེས་ནན་གྱིས་བསྐུལ་མ་བྱས་པར་བརྟེན། རྒྱ་བོད་མཁས་པའི་གཞུང་ལུགས་རྣམས་ལས། ཤཱཀྱ་བློ་དང་། ལྷ་དབང་བློ་རྣམ་གཉིས་ཀྱི་འགྲེལ་བ་གཙོ་བོར་བཟུང་། རྒྱ་གར་གྱི་གཞུང་ལུགས་ཚད་མའི་སྐོར་བོད་དུ་བཞུགས་སོ་འཚལ་གྱི་ལེགས་པར་བཤད་པའི་རོ་མྱང་ཞིང༌། གཞན་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོ། འུ་ཡུག་པ་རིགས་པའི་སེང་གེ རྒྱལ་ཚབ་དར་མ་རིན་ཆེན། ཉ་དབོན་ཀུན་དགའ་དཔལ། རོང་སྟོན་ཆོས་རྗེ། བསོད་ནམས་སེང་གེ་དང་། རེད་མདའ་བ་སོགས་བོད་ཀྱི་མཁས་པའི་འགྲེལ་བཤད་མང་པོ་དང༌། གཞན་ཡང༌། ས་སྐྱ་པཎྜི་ཏ་སོགས་བོད་ཀྱི་སྔ་ཕྱིའི་མཁས་པ་སོ་སོའི་བཞེད་གཞུང་གི་ཚུལ་ཀུན་ལ་གཟིགས་ཏེ་གཏན་ལ་ཕབ་པ་ཡིན་ནོ། ། |
{{#arraymap:ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར་
|; |@@@ | | }}