5821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་གིས་ངེས་པ་རྙེད་པའི་བྱུང་ཚུལ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱུང་ཚུལ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་ཆོས་འཇིག་རྟེན་དུ་བྱུང་བའི་སྐབས་བཅུ་གཉིས་སུ་གསུངས་པ་ལས། དེའང་ཁྱེའུ་ལྔ་གསང་སྔགས་ཀྱི་དོན་ལ་ངེས་པ་རྙེད་དེ་ཐ་མའི་དབུགས་ཆེན་པོ་ཕྱིན་པ་ན་གསང་སྔགས་བྱུང་བའི་ཚུལ་ནི། སྔོན་འདས་པའི་བསྐལ་པ་མངོན་པར་དགའ་བའི་དུས་རྒྱལ་རིགས་སོགས་རིགས་ལྔ་ལས་བྱུང་བའི་ཁྱེའུ་བདེ་སྐྱོབ། ཁྱེའུ་དྲིལ་ཏ། ཁྱེའུ་དཔའ་བྱིན། ཁྱེའུ་ལས་བྱིན། ཁྱེའུ་དུམ་བུ་ར་སྟེ་ཁྱེའུ་ལྔ་པོ་སངས་རྒྱས་ཀུན་ཏུ་བཟང་པོ་ལས་སེམས་བསྐྱེད། ཐུན་མོང་རྒྱུའི་ལམ་ལ་བསྐལ་པ་དུ་མར་བསླབས། མཐར་སངས་རྒྱས་རྡོ་རྗེ་འཆང་སོགས་སངས་རྒྱས་ལྔ་ལས་གསང་བ་མཆོག་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐུན་མིན་གསང་སྔགས་ཀྱི་རྣལ་འབྱོར་ལྔར་སློབ་སྐབས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱི་བུ་ལྔར་སྐྱེ་བ་བཞེས། མཐར་ལམ་དང་པོ་ཐོབ་སྟེ་རྒྱལ་ཚབ་སྐྱེས་བུར་ལྔར་གྱུར། ཞིང་ཁམས་ལྔར་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་པའི་ལུང་བསྟན་ཐོབ་པ་སོགས་ཀྱི་ཚེ་ནའང་གསང་སྔགས་བྱུང་ངོ་། །
Domain ཆོས་ལུགས།

{{#arraymap:གང་གིས་ངེས་པ་རྙེད་པའི་བྱུང་ཚུལ་

|; |@@@ | | }}