58211

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚད་མ་རྣམ་འགྲེལ་ཉན་པ་པོ་ (1)
Part of speech མིང་ཚིག
Definition འཇིག་རྟེན་གྱི་བྱ་བ་ཕལ་བ་ཚོང་ལས་སོགས་ཐམས་ཅད་ལ་ཆགས་པ་ཡོངས་སུ་བཏང་སྟེ། རང་དང་གཞན་ཕྱོགས་རིས་སུ་འཛིན་པའི་ཕྲག་དོག་གི་དྲི་མས་ཆོས་སྨྲ་བའི་གང་ཟག་སོགས་ལ་སྡང་བ་ཡོངས་སུ་བོར་ནས་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱིས་སྐྱོན་ཡོན་ལེགས་པར་བརྟགས་ཏེ། ཉེས་བཤད་ཀྱི་བསྟན་བཅོས་རྣམས་དོར་ཞིང་ལེགས་པར་བཤད་པའི་གསུང་རབ་རྣམས་དོན་དུ་གཉེར་བའི་བློ་དང་ལྡན་པ་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། འཇིག་རྟེན་གྱི་བྱ་བ་ཕལ་པ་ཐམས་ཅད་ལ་ཆགས་པ་ཡོངས་སུ་བཏང་སྟེ། རང་གཞན་གྱི་ཕྱོགས་སུ་འཛིན་པའི་ཕྲག་དོག་གི་དྲི་མས་ཆོས་སྨྲ་བའི་གང་ཟག་སོགས་ལ་སྡང་བ་ཡོངས་སུ་བོར་ནས་ཐོག་མར་ཉེས་ལེགས་འབྱེད་པའི་ཤེས་རབ་ཀྱིས་ཡོན་ཏན་དང་སྐྱོན་ལེགས་པར་བརྟགས་ཏེ། ཉེས་བཤད་དོར་ཞིང་ལེགས་བཤད་དོན་དུ་གཉེར་བའི་བློས་འཇུག་པར་བྱ་ལ། ཞུགས་པའི་འོག་ཏུ་ཤེས་རབ་ཀྱིས་ལེགས་བཤད་ཀྱི་དོན་ཡོངས་སུ་བཙལ་བར་བྱའོ། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཚད་མ་རྣམ་འགྲེལ་ཉན་པ་པོ་

|; |@@@ | | }}