58262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚད་འབྲས་ (1)
Part of speech མིང་ཚིག
Definition ཚད་འབྲས་ཞེས་པ་ནི་རང་ཡུལ་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ་དང་། རང་ཡུལ་དེ་རྟོགས་པའི་ཚད་མ་འབྲས་བུ་དང། ཚད་མ་དེའི་ཡུལ་ནི་གཞལ་བྱ་ལ་བཞག་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་སྟེ། དཔེེར་ན་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་ཚད་མ་དང་། སྔོན་པོ་རྟོགས་པའི་ཚད་མ་དེ་འབྲས་བུ་དང། ཡུལ་སྔོན་པོ་ལྟ་བུ་གཞལ་བྱར་བྱས་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་བཞག་ཞིག་ལ་བརྗོད་པ་ཡིན་ཏེ། དེ་ལྟར་ཡང་༸རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚད་མ་རིགས་རྒྱན་ལས། གཉིས་པ་རང་ལུགས་ནི། སྤྱིར་ཚད་མའི་འབྲས་བུ་ལ་བར་དུ་ཆོད་པའི་འབྲས་བུ་དང་། བར་དུ་མ་ཆོད་པའི་འབྲས་བུ་གཉིས། དང་པོ་ནི། བླང་དོར་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཞུགས་པས། མི་འདོད་པའི་དོན་སྤང་ཞིང་འདོད་པའི་དོན་ཐོབ་པའི་མངོན་མཐོ་དང་ངེས་ལེགས་ཡིན་ལ། དེ་སྒྲུབ་པ་ཡང་བར་དུ་མ་ཆོད་པའི་འབྲས་བུ་ལ་རག་ལས་ཤིང་། དེ་ནི་གཞལ་བྱ་རྟོགས་པའི་ཚད་མ་ཡིན་ལ། དེ་གང་གི་འཇོག་པར་ནུས་པ་དེ་ཚད་མ་ཡིན་ནོ། །ཞེས་གསུངས།
Domain ཚད་མ།

{{#arraymap:ཚད་འབྲས་

|; |@@@ | | }}